༄༅། །བོད་རྒྱལ་ལོ་ ༢༡༤༣ བོད་ཟླ་ ༣ ཚེས་ ༣༠ ནས་བོད་ཟླ་ ༤ ཚེས་ ༡༦ བར་ཉིན་གྲངས་བཅུ་བདུན་རིང་ཀལེ་མེན་ཀྲོན་དོན་གྲུབ་གླིང་བོད་མིའི་གཞིས་སྒར་དུ་ས་ཟླའི་ཆོ་འཕྲུལ་དུས་བཟང་རིང་ས་གནས་ཆོལ་གསུམ་རྒྱུན་ལས་ངོ་བཞུགས་རྣམས་ནས་རྐང་འཁུར་གྱིས། དཔལ་བཀྲ་ཤིས་འཁྱིལ་གྱི་དགེ་འདུན་པ་ཞལ་གྲངས་བཅུ་གསུམ་གདན་ཞུས་ཀྱིས་ས་གནས་མི་མང་རྒན་གཞོན་བར་གསུམ་བསྡོམས་ཁྱོན་མི་གྲངས་བདུན་ཅུ་ཙམ་ཉིན་ལྟར་ཆད་མེད་ལྷན་འཛོམས་ཀྱིས་ཉིན་གུང་ཆུ་ཚོད་ ༣ ནས་ ༦ བར་ཆུ་ཚོད་གསུམ་རིང་༸རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་དང་བོད་བསྟན་སྲིད་ཀྱི་ཞབས་རིམ་ལ་དམིགས་ཏེ་སྒྲོལ་མ་རྒྱས་པ་ཁྱོན་གྲངས ༡༠༣༧༠༨ དང་། སྒྲོལ་མ་བསྡུས་པ་ཁྱོན་གྲངས་ ༡༠༥༠ བཅས་གསོག་སྒྲུབ་ཞུས་ཡོད། དེ་བཞིན་ཚེས་བཅོ་ལྔའི་ཉིན་ཚོགས་དང་མཆོད་མཇལ་ཞུ་བ་རྣམས་ལ་ཆབ་མངར་མོ་གནང་། བོད་ཚེས་ ༡༦ ཉིན་མ་སུ་རིར་རླུང་རྟ་འཕྲིན་བཅོལ་གསོལ་འདེབས་གནད་སྨིན་གནང་ཡོད་པ་བཅས།།
གསར་གནས།

འབྲེལ་གནས།
