ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ལ་དྭགས་ཟངས་དཀར་ས་གནས་སུ་ཡོད་པའི་ལམ་སྒྲོན་དཔེ་གསར་མཐོ་རིམ་སློབ་གྲྭའི་ནང་གཤམ་གསལ་དགེ་རྒན་ཁག་གི་ས་མིག་ཡོད་ན། ཟུར་གསལ་ཆ་རྐྱེན་རྣམས་ཚང་ཞིང་ལས་གནས་སུ་ཞུགས་བློ་ཡོད་རིགས་ནས་དགོས་མཁོའི་ལག་འཁྱེར་ངོ་བཤུས་དང་སྦྲགས་གཤམ་གསལ་ཞལ་བྱང་ཐོག་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༣༡ འགྱངས་མེད་འཚང་སྙན་འགེངས་ཤོགཤེས་རིག་དྲ་རྒྱ་ (www.sherig.org/en) ནང་ཡོད་པ་ལྟར་འགེངས་འབུལ་ཞུ་དགོས། ཆ་རྐྱེན་ཚང་བའི་སྙན་འབུལ་བ་རྣམས་ཉེ་བའི་གཙུག་ལག་རབ་འབྱམས་ཐོན་པའི་རྒྱུགས་འབྲས་ (Bachelor’s degree result ) དང་། དགེ་རྒན་འོས་སྦྱོང་ཐོན་པའི་རྒྱུགས་འབྲས་ (B.Ed. result) གཉིས་བསྡོམས་ཏེ་མཐོ་ཤོས་དེ་འདེམས་སྒྲུག་བྱས་ཏེ་ལམ་སྒྲོན་དཔེ་གསར་མཐོ་རིམ་སློབ་གྲྭའི་འཛིན་སྐྱོང་ཚོགས་པར་ངོས་སྦྱོར་གནང་རྒྱུ་ཡིན། མཐའ་མའི་བསྐོ་གཞག་ལམ་སྒྲོན་དཔེ་གསར་མཐོ་རིམ་སློབ་གྲྭའི་འཛིན་སྐྱོང་ཚོགས་པ་ནས་གནང་རྒྱུ་ཡིན།
ཨང་། | གནས་རིམ། | ས་མིག | ལོ་ཚད། | ཟླ་རེའི་གསོལ་ཕོགས། |
༡ | གཞི་རིམ་བར་མའི་ཨིན་ཡིག་དགེ་རྒན། (TGT English) |
༡ | ༤༥ མ་བརྒལ་བ། | སྒོར་ ༡༩༠༠༠།༠༠ |
༢ | གཞི་རིམ་བར་མའི་ཚན་རིག་དགེ་རྒན།(TGT Science) | ༡ | ༤༥ མ་བརྒལ་བ། | སྒོར་ ༡༩༠༠༠།༠༠ |
ཟུར་ཕོགས་དང་མཐུན་རྐྱེན་གཞན།
• ལོ་རེར་ཟུར་ཕོགས་སྒོར་ ༦༠༠།༠༠ རེ་དང་གསོལ་ཕོགས་བརྒྱ་ཆ་ ༡༠ སྤར་ཆ་གནང་རྒྱུ།
• རིན་མེད་ལས་ཤག་མཐུན་རྐྱེན།
• སློབ་གྲྭའི་གུང་གསེང་སྐབས། ལོ་རེར་ཐེངས་རེ་ལ་དྭགས་སླེ་ནས་རྡི་ལི་བར་ཡང་ན་རྡི་ལི་ནས་སླེ་བར་ཕྱོགས་གཅིག་གནམ་གྲུའི་གླ་ཆ་འབུལ་རྒྱུ།
དགོས་མཁོའི་ཡིག་ཆ་ཁག་ངེས་འབུལ་དགོས་པ་གཤམ་གསལ།
༡༽ ཉུང་མཐར་ཉེ་བའི་གཙུག་ལག་རབ་འབྱམས་ཐོན་ཞིང་དགེ་རྒན་འོས་སྦྱོང་ཐོན་པའི་ལག་འཁྱེར་ཡོད་དགོས།
༢༽ ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༣༡ བར་འབུལ་འབབ་གཙང་ཕུལ་ཟིན་པའི་བོད་མིའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
༣༽ ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ།
༤༽ ད་ལྟ་སྡེ་ཚན་གང་རུང་དུ་ལས་ཞབས་ཞུ་མུས་ཡིན་ཚེ་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར་ངོ་མ། གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གང་རུང་གི་ཟུང་དྲུང་ཡན་ནམ། ས་གནས་འགོ་འཛིན། ཡང་ན་བོད་མིའི་སློབ་གྲྭའི་སློབ་སྤྱི་བཅས་གང་རུང་ནས་ངོ་བཤུས་ཡིག་ཆ་ཁག་དངོས་བདེན་ཡིན་པའི་དག་མཆན་ངེས་པར་དུ་ཞུ་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡ ལ།།
Secretary
Department of Education
Central Tibetan Administration
Gangchen Kyishong, Dharamsaal – 176215
Distt. Kangra, H.P. INDIA
Email: [email protected]