༢༠༡༦ ཟླ་ ༧ ཚེས་ ༨ རེས་གཟའ་པ་སངས།
༄༅། །རྒྱ་གར་ནུབ་་ཕྱོགས་རཱཇས྄ཐཱན་ (Rajasthan) མངའ་སྡེ་ཨུ་ཌེ་པུར་ (Udaipur) ནང་དུ་ཡོད་པའི་སཱར་པཌམ་པཏ་སིང་གྷཱནིཡ་མཐོ་སློབ་ཁང་ (Sir Padampat Singhania University, SPSU) ནས་བཙན་བྱོལ་བོད་མིའི་སློབ་ཕྲུག་འཛིན་རིམ་བཅུ་གཉིས་ཐོན་མཁན་སློབ་མ་ ༢ ལ་བཟོ་སྐྲུན་ (Bachelor of Engineering) སློབ་ཚན་ཐོག་སློབ་ཡོན་དོད་ (Tuition Fee) ལོ་རེར་ཧིན་སྒོར་ ༡༧༠༠༠༠། ཆག་ཡང་གནང་རྒྱུ་ཤེས་རིག་ལས་ཁུངས་ལ་ཞལ་བཞེས་གནང་ཡོད་པ་དང༌། སློབ་ཕྲུག་ཉལ་ཁང་གི་དོད་ (Hostel Fee) ཟླ་དྲུག་སློབ་ཐུན་ (Per Semester) རེར་ཧིན་སྒོར་ ༤༠༠༠༠། ཐམ་པ་སློབ་ཕྲུག་རང་ངོས་ནས་འབུལ་དགོས་འདུག
ཕྱོགས་མཚུངས་གོང་གསལ་མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པའི་སློབ་ཚན་ཇི་ཡོད་ཐོག་བོད་པའི་སློབ་མ་གྲངས་ ༥༠ ལ་སློབ་ཡོན་དོད་བརྒྱ་ཆ་ ༥༠ ཆག་ཡང་གནང་རྒྱུ་དང༌། ཉལ་ཁང་གི་རྩིས་གཞི་གོང་གསལ་ལྟར་སློབ་ཕྲུག་རང་ངོས་ནས་ངེས་འབུལ་དགོས། བཞུགས་བློ་ཡོད་པའི་སློབ་ཕྲུག་རྣམས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༧ ཟླ་མཇུག་ནང་འཚུད་རྒྱུགས་ (Entrance Test) གཏོང་ཐུབ་པ་དགོས་རྒྱུ་དང༌། འཚུད་རྒྱུགས་ནང་སློབ་ཕྲུག་གཉིས་ལས་མང་བ་འཚུད་པ་བྱུང་ཚེ་བརྒྱ་ཆ་རྩེ་བཏོག་གིས་འདེམས་སྒྲུག་གནང་རྒྱུ། མཐོ་སློབ་ཀྱི་འཛིན་གྲྭ་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡ ནས་འགོ་འཛུགས་གནང་རྒྱུ་ཡིན་འདུག་པས་མཐོ་སློབ་ཀྱི་འཚུད་རྒྱུགས་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་ཁག་གསལ་རྟོགས་ཆེད་མཐོ་སློབ་ཁང་གི་དྲ་རྒྱ་ www.spsu.ac.in ལ་ཐུགས་ཞིབ་ངེས་པར་དུ་གནང་དགོས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ།
Sir Padampat Singhania University (SPSU) in Udaipur
Course | No. of Scholarships | Tuition fees |
Bachelor of Engineering | 2 | 100% waive |
Other UG and PG courses | 50 | 50% waive |
དོགས་འདྲི་སོགས་ཡོད་ཚེ་གཤམ་འཁོད་ཁ་བྱང་ཐོག་འབྲེལ་གཏུགས་ཡོད་པ་བཅས། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༧ ལ།
Scholarship Section
Department of Education, CTA
Gangchen Kyishong
Dharamsala-176215
Distt.Kangra, Himachal Pradesh
Ph. 01892-226695, 222572,222721
Email:[email protected] Website: www.sherig.org