༢༠༡༦ ཟླ་ ༦ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །སྲིད་སྐྱོང་ཆེད་ལས་སློབ་ཡོན་ཁོངས་སློབ་མ་ ༥ ནས་ ༡༠ བར་ལ་ལོ་རེར་སློབ་ཡོན་ཧིན་སྒོར་ ༣༠༠༠༠༠། བར་གནང་རྒྱུ།
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཨ་རི་བོད་ཀྱི་ཐེབས་རྩ་དང་ཟུང་འབྲེལ་ཐོག་གསར་གཏོད་གནང་བའི་ ༼སྲིད་སྐྱོང་ཆེད་ལས་སློབ་ཡོན་༽ གསལ་བསྒྲགས།
སློབ་ཡོན་ལས་འཆར་འདིའི་དམིགས་ཡུལ་གཙོ་བོ་རྒྱ་བལ་འབྲུག་གསུམ་ནང་གི་བོད་རིགས་སློབ་མ་རྩེ་ཕུད་རྣམས་རང་ཉིད་ཀྱི་མོས་འདེམས་ཆེ་བའི་ཆེད་ལས་མཐོ་སློབ་ལེགས་གྲས་ཁག་ནང་སློབ་སྦྱོང་བྱ་རྒྱུར་རོགས་སྐྱོར་ཆེད་ཡིན། སློབ་ཡོན་འདི་ཤེས་རིག་ལས་ཁུངས་བརྒྱུད་ཨ་རི་བོད་ཀྱི་ཐེབས་རྩ་ནས་གནང་རྒྱུ།
སློབ་ཡོན་ཚད་གཞི།
སློབ་ཡོན་འདི་ཁོངས་འདེམས་ཐོན་བྱུང་བ་རྣམས་སློབ་མ་སོ་སོའི་དགོས་འཁོར་གཞི་བཞག་སློབ་ཡོན་ཧིན་སྒོར་འབུམ་གསུམ་ ༣༠༠༠༠༠། བར་གནང་རྒྱུ་ཡིན་ཅིང༌། སློབ་ཡོན་དེ་ཡང་སློབ་ཕྲུག་སོ་སོའི་དགོས་འཁོ་དང་སློབ་ཡོན་གནས་སྟངས་སོགས་ལ་གཞི་བཅོལ་གྱིས་ཐག་གཅོད་གནང་རྒྱུ་ཡིན་ཅིང༌། སློབ་ཡོན་མ་ཡིན་པའི་འགྲོ་གྲོན་གཞན་ཆེད་ཧིན་སྒོར་ ༥༠༠༠༠། བར་གནང་རྒྱུ། དེ་ཡང་སློབ་མ་སོ་སོའི་སློབ་ཡོན་དགོས་མཁོ་དང༌། ཁྱིམ་ཚང་ནས་སློབ་ཡོན་འགྲོ་གྲོན་ཇི་ཙམ་སྤྲོད་ཐུབ་མིན། ཁུངས་གཞན་ནས་སློབ་ཡོན། ཕྱོགས་མཚུངས་སློབ་གྲྭ་རང་ནས་སློབ་ཡོན་ཆག་ཡངས་ཇི་ཐོབ་རྣམས་འགེངས་ཤོག་ཟུར་འབུལ་ལྟར་འགེངས་འབུལ་གནང་དགོས། སྲིད་སྐྱོང་ཆེད་ལས་སློབ་ཁོངས་འདེམས་ཐོན་ཟིན་པ་རྣམས་ལ་སློབ་མཐར་མ་སོན་བར་སློབ་ཡོན་གནང་རྒྱུ་ཡིན་གཤིས། སློབ་ཡོན་དངུལ་འབོར་རྩི་གཞི་སློབ་ཕྲུག་སོ་སོའི་ལོ་རེའི་ཡིག་ཚད་གྲུབ་འབྲས་དང་མཐོ་སློབ་ཀྱི་སློབ་ཡོན་འཕར་ཆགས་གནས་སྟངས་གཞི་བཟུང་ཐག་གཅོད་གནང་རྒྱུ།
འཚང་སྙན་གྱི་མཐའ་མའི་དུས་བཀག
༡༽ ཉེ་བའི་གཙུག་ལག་རབ་འབྱམས་ Bachelor Courses ཆེད་འཚང་སྙན་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༣༠ གོང་འབུལ་འབྱོར་ཐུབ་པ་དགོས།
༢༽ ལོ་གཅིག་གི་ཆེད་ལས་ཟུར་སྦྱོང་སློབ་ཡོན་ཆེད་འཚང་སྙན་རྣམས་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༣༠ གོང་འབུལ་འབྱོར་ཐུབ་པ་དགོས།
༣༽ གཙུག་ལག་རབ་འབྱམས་དང་རིགས་གཅིག་རྐང་འཛིན་ཉམ་ཞིབ་ཆེད་འཚང་སྙན་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༣༡ གོང་འབུལ་འབྱོར་ཐུབ་པ་དགོས།
སློབ་ཚན་ཆ་བགོས།
འཚང་སྙན་འབུལ་མི་རྣམས་ནས་གཤམ་གསལ་སློབ་ཚན་ཁག་ནས་སློབ་གཉེར་བྱེད་དགོས།
· Master’s degree, Post Graduate Diploma, M.Phill, or Ph.D in any subject or field.
· Bachelor’s degree in Engineering (B.E), Medicine (MBBS), Dental surgery (BDS), B.A LLB (Law) and Architecture (B.Arch.).
The applicants are recommended to apply in one of top universities/colleges/institutions mentioned in the attached list. However, those applicants who wish to apply in universities/colleges/institutions that are not in the list can apply with a condition that such universities/colleges/institution that applicant propose should be listed among top 20 by renowned magazine; India Today, The Week, Outlook, and Career 360 in their most recent publication or rated among top 20 by National Institutional Ranking Framework, Department of Higher Education, MoHRD, GoI, in their most recent assessment.
Pre-Scholarship Gap Year Study Award (Minimum 2 Seats)
· Pre-Scholarship Gap Year Study Award will be granted to class XII students (Fresher only)who wish to pursue B.E at the Indian Institute of Technology(IIT) or M.B.B.S at the All India Institute of Medical Sciences(AIIMS). Pre-Scholarship study awards will be granted for up to one gap year in the first year after completing Class XII, to study full time at one of six coaching centres listed by the Department of Education (please see attached list). Upon successful admission to AIIMS or IIT, the applicant will receive SPSP scholarship to attend AIIMS or IIT.
སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན།
༡༽ འཚང་སྙན་འབུལ་མི་རྣམས་ནས་གོང་གསལ་སློབ་ཚན་ནམ་ཡང་ན་ལོ་གཅིག་ཆེད་ལས་སྦྱོང་བརྡར་གང་རུང་གཅིག་ནང་འཚང་སྙན་འབུལ་དགོས།
༢༽ འཚང་སྙན་འབུལ་མི་རྣམས་ནས་རང་ཉིད་སློབ་ཚན་གང་གི་ཆེད་སློབ་འཇུག་ཞུ་འཆར་ཡིན་པ་དེའི་ཐོག་སློབ་འཇུག་གམ་སློབ་ཡོན་ཆག་ཡང་ཐོབ་པར་འཚུད་རྒྱུགས་དགོས་གལ་ཡོད་ཚེ་འཚུད་རྒྱུགས་ངེས་པར་གཏོང་དགོས།
༣༽ རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བཙན་བྱོལ་བོད་མི་བསྙོན་མེད་ཡིན་ཐོག་དོ་བདག་གི་དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༥ ཟླ་༡༢ ཚེས་ ༣༡ བར་གཙང་ཕུལ་ཟིན་པ།
༤༽ ལོ་གཅིག་གི་ཆེད་ལས་ཟུར་སྦྱོང་དང་ཉེ་བའི་གཙུག་ལག་རབ་འབྱམས་སློབ་ཡོན་ཆེད་འཚང་སྙན་འབུལ་མི་ཡིན་ན་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ནང་བརྒྱ་ཆ་ ༧༥ ལོན་པ་དགོས།
༥༽ གཙུག་ལག་རབ་འབྱམས་དང་རིག་གཅིག་རྐར་འཛིན་ཁོངས་འཚང་སྙན་འབུལ་མི་རྣམས་སློབ་གསར་ཡིན་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་ཡིག་རྒྱུགས་ནང་ཉུང་མཐའི་བརྒྱ་ཆ་ ༦༠ ལོན་པ་དགོས།
༦༽ ལོ་གཅིག་ཆེད་ལས་ཟུར་སྦྱོང་དང་ཉེ་བའི་གཙུག་རབ་འབྱམས་སློབ་ཁོངས་འཚང་སྙན་འབུལ་མི་རྣམས་འཛིན་རིམ་བཅུ་པ་བར་ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ནང་འགྲིམས་པ་ཞིག་དགོས། ཡང་ན་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅུ་པའི་ཚད་མཉམ་བོད་ཡིག་ཡིག་རྒྱུགས་ནང་ཉུང་མཐར་བརྒྱ་ཆ་ ༣༣ ལོན་དགོས།
འཚང་སྙན་འགེངས་ཤོག་མཉམ་ངོ་བཤུས་འབུལ་དགོས་པའི་ཡིག་ཆ་ཁག་གཤམ་གསལ།
· འཛིན་རིམ་བཅུ་པ་དང༌། བཅུ་གཉིས་པའི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་གི་ངོ་བཤུས།
· ཉེ་བའི་གཙུག་ལག་རབ་འབྱམས་དང༌། གཙུག་ལག་རབ་འབྱམས་པའི་ཡིག་རྒྱུགས་ཨང་ཤོག་དང་ལག་འཁྱེར། རིག་གཅིག་རྐང་འཛིན་གྱྀ་ལག་འཁྱེར་ཁག་གི་ངོ་བཤུས།
· འདྲ་དཔར་གཉིས་རེ།
· རང་ཉིད་ཀྱི་ནང་མིའི་གནས་སྟངས་སྐོར་ཤོག་གྲངས་གཉིས་ལས་མི་ཉུང་བ་འབུལ་དགོས། (Personal statement)
· རང་ཉིད་ཀྱི་མཐོ་སློབ་བམ་ཡང་ན་འཛིན་རིམ་ ༡༢ སྐབས་ཀྱི་དགེ་རྒན། སློབ་སྤྱི། ལས་ཀ་བྱེད་སའི་ལས་རོགས་གང་རུང་ནས་རྒྱབ་གཉེར་ཡི་གེ་ཁག་གཉིས་རེ (Reference letter) ཞུ་འབུལ་དགོས།
· དོ་བདག་གི་མི་ཚེའི་ལོ་རྒྱུས་མདོར་བསྡུས་(Curriculum Vitae) ཤོག་གྲངས་གཉིས་ལས་མ་ཉུང་བ་འབུལ་དགོས།
· རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོག་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཡོད་པའི་ངོ་ཤོག་དང་པོ་དང་མཐའ་མའི་ངོ་བཤུས་འབུལ་དགོས། གལ་ཏེ་ཁྲིམ་མཐུན་དུས་འགྱངས་སམ་གསར་བཟོའི་ཆེད་ཕུལ་ཡོད་ཚེ་འབྲེལ་ཡོད་ལས་ཁུངས་ནས་(Foreign Regional Registration Office, FRRO) དེའི་བྱུང་འཛིན་ངོ་བཤུས་སམ། གནས་ཡུལ་ས་གནས་འགོ་འཛིན་གྱི་ངོས་སྦྱོར་གང་རུང་འབུལ་དགོས།
· དོ་བདག་གི་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ངོ་ཤོག་དང་པོ་དང་མཐའ་མ་གཉིས་ཀྱི་ངོ་བཤུས།
· བལ་ཡུལ་དང་འབྲུག་ཁུལ་ནས་འཚང་སྙན་འབུལ་མི་ཡིན་ན། བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པའི་ས་གནས་འགོ་འཛིན་གྱི་ངོས་སྦྱོར་འབུལ་དགོས།
ཐུགས་སྣང་དགོས་པའི་གནས་དོན་ཁག་ཅིག
༡། སློབ་ཡོན་གྱི་འཚང་སྙན་འགེངས་ཤོག་ཤེས་རིག་ལས་ཁུངས་དང་ཨ་རི་བོད་ཀྱི་ཐེབས་རྩ་གཉིས་ཀྱི་དྲ་ཚིགས་ www.sherig.org/
www.lamton.org/ www.tibetfund.org ནས་ཕབ་བཤུས་ཀྱིས་འབུལ་འཐུས་ཆོག་རྒྱུ། ༢། གོང་གསལ་ཡིག་ཆ་ཁག་གི་ངོ་བཤུས་ཐོག་ས་གནས་འགོ་འཛིན་དང༌། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་གནས་རིམ་ཡན་གྱི་
སྲི་ཞུ་ལས་བྱེད། ཤེས་རིག་ཁྱབ་ཁོངས་ཉུང་མཐར་འཛིན་རིམ་བཅུ་པ་ཡོད་པའི་སློབ་གྲྭའི་སློབ་སྤྱྀ་གང་རུང་གིས་ཞིབ་བཤེར་སོང་བའི་
འགན་ལེན་དག་མཆན་(Attestation) ངེས་པར་ཞུ་འབུལ་དགོས།
༣། འཚང་སྙན་འགེངས་ཤོག་འཚེམས་ལུས་མེད་པ་ཞིབ་བཀང་འབུལ་དགོས།
འབྲེལ་གཏུག་བྱ་ཡུལ་ཁ་བྱང༌།
Secretary
Department of Education
Central Tibetan Administration
Gangchen Kyishong
Dharamsala – 176 215
Dist. Kangra, Himachal Pradesh, India
Ph: 01892 – 226695, 222572, 222721
Email: [email protected]
website: www.sherig.org/www.lamton.org