༢༠༡༦ ཟླ་ ༦ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་བསྟུན་དགོས་མཁོ་གཞི་བཟུང་དཔལ་འབྱོར་ལས་ཁུངས་ཆེད་ཁྱད་ལས་པ་དྲུང་ལས་ ༢ དང་། ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ཆེད་རྒྱ་མིའི་སྐད་ཡིག་ཚད་འཕེར་ཅན་གྱི་དམིགས་བསལ་ས་མིག་ཐོག་དྲུང་ལས་ ༡ དང་། སྡེ་འགན་ ༡ ཕྱི་དྲིལ་ལས་ཁུངས་སུ་རྒྱ་ཡིག་ཚན་པའི་ལས་དོན་ཆེད་དམིགས་བསལ་ས་མིག་ཐོག་སྡེ་འགན་ ༡ དང་། ལས་དྲུང་ ༡ བཅས་བསྡོམས་ལས་བྱེད་ ༦ གཤམ་གསལ་ས་སྟོང་ཡོད་པར་དགོས་ངེས་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་འཐུས།
ཀ༽ ཁྱད་ལས་པའི་ས་མིགཿ
དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ (Tibetan Entrepreneurship Development TED) ཆེད་ཁྱད་ལས་དྲུང་ལས་ ༢ ཀྱི་དགོས་ངེས་ཆ་རྐྱེན་གཤམ་གསལ།
༡༽ ཤེས་ཚད། ཚད་ལྡན་མཐོ་སློབ་ཅིག་ནས་ཚོང་འབྲེལ་སློབ་ཐོན་ (MBA) ཐོན་པའི་ལག་འཁྱེར་ཡོད་པ།
༢༽ ཉམས་མྱོང་། ཚོང་ལས་པ་སྐྱེད་སྲིང་ལས་དོན་ཐོག་ཉུང་མཐར་ལོ་ ༢ བསྟུད་མར་ལས་ཀའི་ཉམས་མྱོང་ཡོད་པ། ༼ཉམས་མྱོང་དེ་བཞིན་ཞོར་ལས་མིན་པར་ལས་དུས་ཆ་ཚང་ (full time) ཡིན་པ་དགོས།༽
༣༽ ལོ་ཚད། ༢༠༡༦།༠༦།༣༠ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༤༽ རྒྱུགས་གཞི། ཆ་རྐྱེན་ཚང་བའི་མི་འགྲོ་རྣམས་ལ་ངག་རྒྱུགས་ཀྱི་ལམ་ནས་བསྐོ་གཞག་གནང་རྒྱུ་ཡིན།
ཁ༽ དམིགས་བསལ་ས་མིག
ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་རྒྱ་མིའི་སྐད་ཡིག་ཚད་འཕེར་ཅན་གྱི་དྲུང་ལས་ ༡ དང་། སྡེ་འགན་ ༡ དགོས་ངེས་ཆ་རྐྱེན་གཤམ་གསལ།
༡༽ ལས་འགན། བོད་ནང་གི་གནས་སྟངས་དང་གནད་དོན་ཐོག་ཉམས་ཞིབ་པ།
༢༽ ཤེས་ཚད། རྒྱ་ཡིག་ཐོག་ཉུང་མཐར་ཚད་ལྡན་མཐོ་སློབ་ཅིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ B.A ཐོན་པའམ། དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཡོད་པ། ཤེས་ཚད་ལག་འཁྱེར་མེད་ཀྱང་ཡིག་རྒྱུགས་གཏོང་རྒྱུའི་གོ་སྐབས་སྤྲོད་རྒྱུ།
༣༽ ལོ་ཚད། ༢༠༡༦།༠༦།༣༠ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་དྲུང་ལས་ལ་ ༣༥ དང་། སྡེ་འགན་ལ་ ༤༠ ལས་མ་བརྒལ་བ་དགོས།
༤༽ རྒྱུགས་གཞི། བོད་ཡིག་དང་། རྒྱ་ཡིག་གཉིས་ཀྱི་འབྲི་རྒྱུགས་དང་། ངག་རྒྱུགས་གཏོང་རྒྱུ།
ག༽ དམིགས་བསལ་ས་མིག
ཕྱི་དྲིལ་ལས་ཁུངས་སུ་རྒྱ་ཡིག་ཚན་པའི་ལས་དོན་ཆེད་སྡེ་འགན་ ༡ དང་། ལས་དྲུང་ ༡ དགོས་ངེས་ཆ་རྐྱེན་གཤམ་གསལ།
༡༽ ལས་འགན། རྒྱ་ཡིག་ཚན་པའི་ལས་དོན།
༢༽ ཤེས་ཚད། རྒྱ་ཡིག་ཐོག་ཉུང་མཐར་ཚད་ལྡན་མཐོ་སློབ་ཅིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ B.A ཐོན་པའམ། དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཡོད་པ། ཤེས་ཚད་ལག་འཁྱེར་མེད་ཀྱང་ཡིག་རྒྱུགས་གཏོང་རྒྱུའི་གོ་སྐབས་སྤྲོད་རྒྱུ།
༣༽ ལོ་ཚད། སྡེ་འགན་དང་། ལས་དྲུང་གཉིས་ཀར་ ༢༠༡༦།༠༦།༣༠ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༤༽ རྒྱུགས་གཞི། བོད་ཡིག་དང་། རྒྱ་ཡིག་གཉིས་ཀྱི་འབྲི་རྒྱུགས་དང་། ངག་རྒྱུགས་གཏོང་དགོས།
གོང་གསལ་ས་མིག་ཐོག་ཆ་རྐྱེན་ལྡན་རིགས་ནས་འདི་ག་ལས་ཁུངས་དང། ས་གནས་འགོ་འཛིན་ལས་ཁུངས་ནས་ཞུ་བའམ། ཡང་ན། གཞུང་འབྲེལ་དྲ་རྒྱ་ (www.tibet.net) ནས་བོད་ཡིག་ཐོག་གཏན་འབེབས་ཡོད་པའི་འཚང་སྙན་འགེངས་ཤོག་བཏོན་ཏེ་དོན་ཚན་རྣམས་འཚེམས་ལུས་མེད་པ་བཀང་ཟིན་རྗེས།
༡༽ རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༢ རེ་དང།
༢༽ མཐའ་མའི་ཤེས་ཚད་ཨང་ཤོག་དང་ལག་འཁྱེར་(Marks Card & Degree Certificate)གྱི་ངོ་བཤུས། ༼རྒྱ་ཡིག་ས་མིག་ཆེད་མེད་ཀྱང་འཐུས་རྒྱུ།༽
༣༽ དྭང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང། གཉིས་པ། ཕྱི་ལོ་ ༢༠༡༦-༢༠༡༧ ལོའི་དཔྱ་དངུལ་འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༤༽ གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར། (RC) ཤོག་གྲངས་དང་པོ་དང། དུས་འགྱངས་ཞུས་པའི་མཐའ་མའི་ངོ་བཤུས། ༼བལ་ཡུལ་ཆེད་ཁྲིམས་མཐུན་གནས་སྡོད་ཀྱི་ཡིག་ཆ་གཞན་ལ་ཡང་དགོངས་བཞེས་གནང་རྒྱུ།༽
༥༽ ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས།
༦༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་(MC) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང། ས་རྟགས་འཁོད་པ་ངོ་མ།
༧༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།
༨༽ གལ་སྲིད་ད་ལྟ་སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ (No Objection Letter) ངོ་མ་བཅས་མཉམ་འབུལ་དགོས། གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་(Attestation) ཞུས་ཏེ། ༢༠༡༦ ཟླ་ ༠༦ ཚེས་ ༣༠ ཉིན་གྱི་དགོང་དྲོ་ཚོུད་ ༥ པ་འགྱངས་མེད་འབུལ་དགོས་རྒྱུ། འབྲེལ་བ་ཞུ་བདེའི་ཆེད་སོ་སོའི་ཁྱིམ་གཞིས་དང། ད་ལྟའི་སྡོད་གནས་ཀྱི་ཁ་བྱང། ཁ་དཔར་ཨང། གློག་འཕྲིན། (E-Mail) སོགས་གང་ཡོད་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་ཕུལ་འབྱོར་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་དེར་སོ་སོར་ལག་འཁྱེར་སོགས་ཡིག་ཆ་ངོ་མ་མཉམ་འཁྱེར་གྱིས་འབྱོར་ཐོ་བཀོད་རྗེས་ངག་རྒྱུགས་དང་འབྲི་རྒྱུགས་ཀྱི་ལས་རིམ་ཞུ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༦ ཟླ་ ༠༦ ཚེས་ ༠༢ ལ།།
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt. Kangra (H.P)
Tel: 01892-226240 Telefax: 01892-222328
E-mail: [email protected]