༢༠༡༦ ཟླ་ ༦ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་གྲོས་ཆོད་ཨང་ ༢༠༡༦།༡༦།༡།༥༼༩༽ དགོངས་དོན་ཕྱི་ལོ་ ༢༠༡༦།༦།༡༤ ཉིན་དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་འཆར་ཟིན་ཚོགས་ཆུང་གི་ཚོགས་མི་རྣམས་བསྐོ་གཞག་གནང་དོན་ལྟར། ཕྱི་ལོ་ ༢༠༡༦།༦།༢༠ ཉིན་ནས་ལས་ཁུར་འགོ་འཛུགས་ཞུས་ཡོད་ན། འོས་བསྡུའི་ལས་དོན་དང་འབྲེལ་བའི་ཐད། གཤམ་གསལ་དོན་གནད་གཉིས་ཐོག་མང་ཚོགས་ནས་དགོངས་འཆར་བསྡུ་རུབ་ཞུ་རྒྱུ་ཡིན་པས། ཕྱི་ལོ་ ༢༠༡༦།༨།༣༡ ཕྱི་དྲོ་ཆུ་ཚོད་ ༥།༠༠ གོང་བསམ་འཆར་འབུལ་མཁན་གྱི་ས་རྟགས་དང་ཁ་བྱང་བཅས་ཚང་བའི་དགོངས་འཆར་ཇི་ཡོད་ཡིག་ཐོག་ཏུ་བཀོད་དེ་དོ་བདག་སོ་སོས་ཚོགས་དྲུང་ལས་ཁུངས་སུ་ཐད་ཀར་གནང་འབྱོར་དགོས་པའི་གལ་ཆེའི་གསལ་བསྒྲགས་སུ།
༡༽བར་ལམ་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་དཀའ་ངལ་འཕྲད་པ་ལ་གཞིགས་ནས་འོས་བསྡུའི་སྒྲིག་གཞི་ལ་དུས་བསྟུན་ལེགས་བཅོས་གནང་སྒོ་ཇི་ཡོད།
༢༽ མ་འོངས་པར་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་སྤྱི་སྒེར་སུ་ཐད་ནས་འོས་གཞི་འདོན་ཕྱོགས་ཇི་དགོས།
བོད་མི་མང་སྤྱི་འཐུས་གྲོས་ཙོགས་ཀྱིས་ཆེད་བཙུགས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༠ ལ།
འབྲེགས་གཏུགས་ཁ་བྱང་།
Tibetan Parliamentary Secretary
Gangchen kyishong,Dharamsala-176215
Distt.Kangra-H.P.INDIA
Email:[email protected]