༢༠༡༦ ཟླ་ ༦ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །ཨ་རི་རོགས་ཚོགས་ Global Leadership Incubator (GLI) ནས་འདི་ལོ་ཡང་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་ཆེད་ཨ་རི་སྙན་གྲགས་ཆེ་བའི་སློབ་གཉེར་ཁང་དུ་ཉེ་བའི་གཙུག་ལག་རབ་འབྱམས་པའི་(Undergraduate) སློབ་སྦྱོང་ཆེད་སློབ་ཡོན་གནང་རྒྱུའི་ཞལ་བཞེས་བྱུང་དོན་ལྟར། སློབ་སྦྱོང་བྱ་བློ་ཡོད་རིགས་ནས་ ༢༠༡༦ ཟླ་ ༩ ཚེས་ ༥ འགྱངས་མེད་གཤམ་གསལ་དགོས་མཁོའི་ཡིག་ཆ་ངོ་བཤུས་སྟེང་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་གྱི་གཞུང་ཞབས་གང་རུང་གིས་འགན་ལེན་དག་མཆན་བཀོད་དེ་འཚང་སྙན་མཉམ་འབུལ་ཞུ་དགོས།
ཀ༽ དགོས་ངེས་ཆ་རྐྱེན།
༡། ཕྱི་ལོ་ ༢༠༡༦ ལོར་འཛིན་རིམ་བཅིུས་ཐོན་པའི་སློབ་ཕྲུག་ཞིག་ཡིན་ལ་རྒྱུགས་འབྲས་ཉུང་མཐར་བརྒྱ་ཆ་ ༧༥ ལོན་པའི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག (Marks Card)
༢། སྔོན་འགྲོའི་འདེམས་སྒྲུག་སྐབས་ TOEFL ཉུང་མཐའ་ཨང་ ༩༠ ལོན་དགོས་པ་དང༌། འདེམས་སྒྲུག་ཟིན་རྗེས་ཨ་རི་མཐོ་སློབ་འཛུལ་ཞུགས་ཆེད་ TOEFL ཉུང་མཐའ་ཨང་ ༡༠༠ ལོན་དགོས།
༣། དོ་བདག་གི་དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༥ ཟླ་ ༡༢ བར་གཙང་ཕུལ་ཟིན་པའི་ལག་དེབ་དང༌། རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་(RC) བཅས་ཀྱི་ངོ་བཤུས།
གཞི་རིམ་ཆ་རྐྱེན་ཚང་བའི་སྙན་འབུལ་བ་རྣམས་ངག་རྒྱུགས་ཆེད་ཟུར་དུ་བརྡ་ལན་གཏོང་རྒྱུ་ཡིན་པ་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༣ ལ།།
Secretary
Department of Education CTA
Gangchen Kyishong
Dharamsala – 176 215
Dist. Kangra, H.P
Ph: 01892 – 226695, 222572, 222721
Fax: 01892- 223481
Email: [email protected]
Website: www.sherig.org or www.sherig.org/tb