༢༠༡༦ ཟླ་ ༦ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༡ དང་ ༡༢ བཅས་ཉིན་གྲངས་གཉིས་རིང་ཕ་རན་སིའི་རྒྱལ་ས་པེ་རི་སིར་ཕ་རན་སིའི་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་འོག་བོད་ཀྱི་དུས་སྟོན་དང་ཧི་མཱ་ལ་ཡའི་མི་རིགས། ཞེས་པའི་ལོ་འཁོར་དུས་སྟོན་ཐེངས་བཅུ་དྲུག་པ་ལེགས་གྲུབ་བྱུང་ཡོད།
དེ་ཡང་ཐེངས་འདིའི་དུས་སྟོན་སྐབས་གནམ་གཤིས་གྲང་ངར་ཆེ་མིན་ལ་མ་ལྟོས་པར་ཁྱོན་མི་གྲངས་ ༣༠༠༠ བརྒལ་བ་འདུ་འཛོམས་ཐུབ་པ་བྱུང་ཡོད། འདི་ལོའི་དུས་སྟོན་གྱི་བརྗོད་གཞི་ནི་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ ༡༠༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ། ཞེས་པ་ཡིན་འདུག དུས་སྟོན་སྐབས་བོད་དོན་གློག་བརྙན་ཁག་བསྟན་ཡོད་པ་མ་ཟད། བོད་སྨན་གྱི་ནད་བཅོས་ཐབས་ཀྱི་རྩལ་དང་འབྲེལ་བའི་ཐོག་བགྲོ་གླེང་གི་ལས་རིམ་ཡང་གོ་སྒྲིག་ཞུས་ཡོད།
དུས་སྟོན་འདིའི་དམིགས་ཡུལ་གཙོ་བོ་ནི་བོད་དང་ཧི་མཱ་ལ་ཡར་སྒྱུ་རྩལ་དང་རིག་གཞུང་ཕྱུག་པོ་ཡོད་པ་དེ་མི་ཉམ་གོང་སྤེལ་དང་མང་ཚོགས་ཁྲོད་གོ་རྟོགས་སྤེལ་ཆེད་ཡིན་པ་དང་དུས་སྟོན་འདི་ནི་ཕ་རན་སིའི་མང་ཚོགས་སྟོང་ཕྲག་བརྒལ་བའི་ཡིད་དབང་མཁན་གྱི་བོད་པའི་རིག་གཞུང་གི་འདུ་འཛོམས་ཤིག་ཆགས་ཡོད། འདས་ལོ་དང་མི་འདྲ་བར་འདི་ལོར་བོད་དོན་གདུང་སེམས་མཉམ་སྐྱེའི་རོལ་དབྱངས་སྤྲོ་སྟོན་གོ་སྒྲིག་ཞུས་ཡོད་པ་ལྟར། རོལ་དབྱངས་ལ་དགའ་མོས་བྱེད་མཁན་ལྷག་པར་གཞོན་སྐྱེས་སོགས་མི་གྲངས་ཆིག་སྟོག་བརྒལ་བ་འདུ་འཛོམས་བྱུང་ཡོད། ཐེངས་འདིའི་བོད་ཀྱི་དུས་སྟོན་དང་ཧི་མཱ་ལ་ཡའི་མི་རིགས། ཞེས་པའི་ལོ་འཁོར་དུས་སྟོན་འདི་བཞིན་ཕ་རན་སི་རྒྱལ་ས་པེ་རི་སིའི་སྐྱེད་མོ་ཚལ་ Bois de Vincennes དུ་གོ་སྒྲིག་ཞུས་ཡོད།