༢༠༡༦ ཟླ་ ༦ ཚེས་ ༤ རེས་གཟའ་སྤེན་པ།
༄༅། །ད་ཉིན་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༣ རེས་གཟའ་པ་སངས་སྔ་དྲོ་འདེམས་ཐོན་བཀའ་བློན་ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༢༡(༢) པའི་ཆ་རྐྱེན་འོག་ནས་བཀའ་བློན་གྱི་ལས་གནས་ནས་ཕྱིར་འཐེན་གནང་དགོས་བྱུང་ཡོད་ན། གོང་ཚེས་ནས་གནས་སྐབས་རིང་ཕྱི་དྲིལ་བཀའ་བློན་གྱི་ལས་ཁུར་དཔལ་ལྡན་སྲིད་སྐྱོང་མཆོག་ནས་གཅིག་ལྕོགས་གནང་རྒྱུ་གནང་སོང་བའི་གསལ་བསྒྲགས་སུ། བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༣ ལ།།