ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །རྡ་སར་བུད་མེད་རྐང་རྩེད་པོ་ལོའི་འགྲན་བསྡུར་ཐེངས་དང་པོ་འགོ་འཛུགས་མ་གནང་གོང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༩ ཉིན་གྱི་སྔ་དྲོ་བོད་པའི་བུ་མེད་རྐང་རྩེད་པོ་ལོའི་རུ་ཁག་དང་ཐུགས་འཕྲད་ཀྱིས་ཁོང་རྣམས་ལ་རྩེད་མོའི་ལམ་ནས་བུད་མེད་ཀྱི་ནུས་སྟོབས་སྤེལ་དགོས་པའི་སྙིང་སྟོབས་སྤེལ་བ་མ་ཟད། ལྷག་པར་དེང་དུས་རབས་ ༢༡ སྐབས་འདིར་བུད་མེད་ཀྱི་འགོ་འཁྲིད་རྒྱུའི་དུས་ལ་བབ་ཡོད་སྐོར་གསུངས། དེ་ཡང་བུད་མེད་རྐང་རྩེད་པོ་ལོའི་འགྲན་བསྡུར་དེ་ཡང་ཕྱི་ཟླ་ ༦ ཚེས་ ༩ ནས་ ༡༢ བར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་གོ་སྒྲིག་གནང་ཡོད་འདུག སྤྱིར་ཐེངས་འདིར་རྐང་རྩེད་པོ་ལོའི་འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་རྒྱ་གར་གྱི་པན་ཇབ་དང་ཧི་མཱ་ཅལ་མངའ་སྡེ། དེ་བཞིན་བོད་པའི་རུ་ཁག་བཅས་ཡོད་འདུག མཐའ་མའི་འགྲན་བསྡུར་དེ་བཞིན་ཕྱི་ཚེས་ ༡༢ རེས་གཟའ་ཉི་མའི་ཉིན་གནང་རྒྱུ་ཡིན་འདུག་པ་བཅས།།