ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་ནས་སྤོག་ར་བཀྲ་ཤིས་གླིང་ས་འཐུས་སྐབས་ ༩ པའི་འདེམས་ཐོན་ཚོགས་མི་རྣམས་ཀྱི་ལས་འཁུར་དམ་འབུལ་ཡོང་བའི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་བལ་ཡུལ་གློ་སྒྲིག་ས་གནས་འགོ་འཛིན་ཚེ་བརྟན་ལགས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༧ ཉིན་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ས་གནས་འཐུས་ཚོགས་སྐབས་ ༩ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༡༥ ནས་ཚོགས་མི་ ༡༣ དང་། ཚོགས་གཙོ་ཚོགས་གཞོན་བཅས་ཀྱི་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པ་དང་། སྤོག་ར་བཀྲིས་གླིང་ས་འཐུས་སྐབས་ ༩ པའི་ཚོགས་གཙོ་པ་སངས་སྒྲོལ་མ་ལགས་དང་། ཚོགས་གཞོན་ནམ་ལངས་ཚེ་རིང་ལགས་གཉིས་འདེམས་ཐོན་བྱུང་འདུག་པ་བཅས།།