༢༠༡༦ ཟླ་ ༥ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༠ ནས་ ༡༢ བར་དིལླཱིར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག དེ་ཡང་གོང་ཚེས་ཉིན་རྡ་ས་ནས་གགལ་གནམ་ཐང་བརྒྱུད་དིལླཱིར་ཕེབས་འབྱོར་གནང་རྗེས་ཕྱི་ཚེས་ ༡༡ ཉིན་རྒྱ་གར་གཞུང་གི་ཆེས་མཐོའི་མི་སྣ་ཁག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག དེ་རྗེས་ཕྱི་ཚེས་ ༡༢ ཉིན་དིལླཱི་ནས་གགལ་བརྒྱུད་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།