༢༠༡༦ ཟླ་ ༥ ཚེས་ ༣ རེས་གཟའ་མིག་དམར།
༄༅། །རྡ་ས་གངས་སྐྱིད་ལས་བྱེད་གསོལ་ཚང་གི་ཉེ་འདབས་སུ་ཡོད་པའི་འོག་ཐོག་ཁང་མིག་རྒྱ་ཁྱོན་ཁྲུ་ ༣༠’x༢༠’x༨་༩’ ཅན་གཅིག་དང་། ཐབ་ཚང་རྒྱ་ཁྱོན་ཁྲུ་ ༡༩་༡༡’x༩་༤’x༡༠་༢’ ཅན་ཇ་ཁང་ངམ་ཟ་ཁང་ (Cafeteria or Canteen)ཆེད་བོགས་གཏོང་ཞུ་འཆར་ལགས་ན། བོགས་ལེན་འཛུལ་ཞུགས་གཏའ་དངུལ་ཧིན་སྒོར་ ༡,༠༠༠། ཕུལ་འབྱོར་བྱུང་མཚམས་བོགས་འགྲན་འགེངས་ཤོག་རིན་མེད་ཞུ་ལེན་ཆོག་རྒྱུ་དང་། བོགས་ལེན་འགེངས་ཤོག་ཞིབ་བཀང་གིས་ (Sealed Envelope)དཔལ་འབྱོར་ལས་ཁུངས་སུ་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༡ ཕྱི་དྲོའི་ཆུ་ཚོད་ ༥ འགྱངས་མེད་ཕུལ་ཟིན་པ་གནང་དགོས། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༣ སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་གསང་བའི་བོགས་ལེན་འགེངས་ཤོག་ (Sealed Envelope)ཁ་ཕྱེས་རྒྱུ་ཡིན་པའི་གསལ་བསྒྲགས་སུ། དཔལ་འབྱོར་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣ ལ།
འབྲེལ་གཏུགས་ཞུ་ཡུལ། དཔལ་ལས་དྲུང་གཞོན་དགེ་འདུན་ཆོས་འཕེལ་ལགས།
ཞལ་པར་ཨང་། ༠༡༨༩༢í་་༢༢༢༤༨༧། ༢༢༣༧༣༨
ཕྱག་ཁྱེར་ཞལ་པར་ཨང་། ༨༩༨༨༡༥༦༥༣༧
གློག་འཕྲིན།(Email): [email protected]