༢༠༡༦ ཟླ་ ༥ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །ཡུ་གོབ་ YouGov ཞེས་པ་དྲ་རྒྱའི་ལམ་ནས་ཁྲོམ་ར་ཉམས་ཞིབ་བྱེད་མཁན་གྱི་ཚོང་ལས་ཁང་གིས་དྲ་ལམ་བརྒྱུད་མེག་སི་ཀོའི་ Mexico ཡུལ་གྱི་མི་མང་ཚོས་དགའ་མོས་ཆེ་ཤོས་ཞུ་ཡུལ་འོས་བསྡུ་གནང་སྐབས། སྐྱེས་པའི་ཁྲོད་མི་མང་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་མོས་ཆེ་ཤོས་ཞུ་ཡུལ་དུ་བདམས་འདུག་པ་དང་། ཨང་གཉིས་པར་ཨ་རིའི་འབྱོར་ལྡན་སྐུ་ཞབས་སྦིལ་གེ་ཊི་ Bill Gates དང་དེ་ནས་རིམ་བཞིན་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་ US President Barack Obama སོགས་ཡོད་འདུག གོང་བརྗོད་ཚོང་ལས་ཁང་དེས་འོས་བསྡུ་གནང་སྐབས་ཐོག་མར་རྒྱལ་ཁབ་ ༣༠ ནང་འདེམས་སྒྲུག་ཚོགས་མི་བཙུགས་ནས་མཚན་གཞུང་བསྡུ་རུབ་ཀྱིས་བདམས་ཐོན་བྱུང་བའི་མཚན་གཞུང་དེ་དག་ཁྲོད་ནས་སྐྱེས་པ་ ༢༠ དང་བུད་མེད་ ༢༠ འདེམས་བཞིན་ཡོད་པ་བཅས།།