༢༠༡༦ ཟླ་ ༥ ཚེས་ ༢༣ རེས་གཟའ་ཟླ་བ།
![DSC9317 copy](https://154.35.136.131/wp-content/uploads/2016/05/DSC9317-copy.jpg)
༸གོང་ས་མཆོག ཕྱག་གཡས་གྲལ། སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་བློ་བཟང་སེངྒེ་མཆོག ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས། ཕྱག་གཡོན་གྲལ། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག དཔལ་འབྱོར་དང་བདེ་སྲུང་བཀའ་བློན་གཅིག་ལྕོགས་ཚེ་རིང་དོན་གྲུབ་མཆོག ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་བཅས།
༄༅། །དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུ་ཁྲིད་པའི་སྐབས་ ༡༤ བཀའ་ཤག་གི་ཕྱག་སྦྲེལ་བཀའ་བློན་རྣམ་པས་ལས་ཡུན་འཁྱུར་ལ་ཉེ་བའི་སྐབས་དང་བསྟུན། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་ཕོ་བྲང་དུ་དམིགས་བསལ་མཇལ་ཁ་ཞུས་པ་ལྟར་བཀའ་བཞེས་བཟང་པོ་ཐོབ་ནས་༸རྒྱལ་བའི་གཟིམ་ཆུང་ནང་མཇལ་བཅར་ཞུས་པ་མ་ཟད། སྐུ་དཔར་ལྷན་སྒྲོན་མཛད་འདུག སྐབས་དེར་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱང་ལྷན་བཅར་ཞུས་ཡོད་པ་བཅས།།