༢༠༡༦ ཟླ་ ༤ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༤ ཉིན་ལྕམ་སྐུ་མེ་བྷུ་བྷ་མུབ་ཏི་ Mehbooba Mufti མཆོག་ཇམ་མུ་ཀ་ཤི་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བསྐོ་གཞག་གིས་དམ་འབུལ་ཞུས་མཚམས་སུ་དགའ་བསུའི་འཚམས་འདྲི་ཞུས་པའི་ནང་འཁོད་དོན། སྐུ་ཉིད་མཆོག་གིས་བུད་མེད་ཀྱི་སྤྱི་ཁྱབ་བློན་ཆེན་ཐོག་མའི་འགན་ཁུར་བཞེས་སྐབས་འདིར་ངོས་ཀྱིས་སྐུ་ཉིད་མཆོག་གིས་ལས་དོན་ཇི་འདྲ་ཞིག་བརྩམ་ཡང་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་གི་ཕུལ་བྱུང་གི་དབུ་ཁྲིད་ལམ་སྟོན་འོག་སྲིད་གཞུང་གསར་པས་མང་ཚོགས་ཀྱི་མངོན་འདོད་བསྐང་ཞིང་ས་གནས་སུ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུར་འབད་བརྩོན་ལྷོད་མེད་གནང་རྒྱུའི་རེ་བ་ཞུ་རྒྱུ་དང་སྦྲགས། ངོས་ཀྱིས་གོ་སྐབས་འདི་བཟུང་ནས་དེ་རིང་སྤྱི་ཁྱབ་བློན་ཆེན་གཞོན་པ་ལྕམ་སྐུ་ནིར་མལ་སིངྒ་Dr Nirmal Singh མཆོག་གིས་གཙོས་ལས་ཁུར་དམ་འབུལ་ཞུ་མཁན་བློན་ཆེན་གྲངས་ ༢༣ ཡོངས་ལའང་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་འཁོད་འདུག