༢༠༡༦ ཟླ་ ༤ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡ ནས་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༣༡ བར་ལོ་གཅིག་དང་ཟླ་བ་དྲུག་རིང་སྔོན་འགྲོའི་དགེ་རྒན་འོས་སྦྱོང་ཞིག་དྷ་ས་ཤེས་ རབ་དགའ་ཚལ་སློབ་གླིང་དུ་གོ་སྒྲིག་ཞུ་གཏན་འཁེལ་བ་ལྟར། འོས་སྦྱོང་ནང་ངོས་འཛིན་ཡོད་པའི་རྒྱ་གར་མཐོ་སློབ་ཁག་ནས་ཉུང་མཐར་ཉེ་བའི་གཙུག་ལག་རབ་འབྱམས་པ་(B.A B.Com B.Sc)དང་། ཡང་ན། ཤེས་རིག་ལས་ཁུངས་ནས་ངོས་འཛིན་ཡོད་པའི་མཐོ་རིམ་སློབ་གཉེར་ཁང་སོགས་ནས་མཐོ་རིམ་རིག་གནས་རབ་འབྱམས་པ་ནང་ཕྱོགས་བསྡོམས་བརྒྱ་ཆ་ ༥༠ ལོན་པའི་མི་གྲངས་ ༢༥ ལ་གོ་སྐབས་གནང་རྒྱུ་ཡིན་ཡང་། མཐའ་མའི་འདེམས་སྒྲུག་ངག་རྒྱུགས་དང་འབྲི་རྒྱུགས་ཀྱི་ལམ་ནས་གནང་རྒྱུ་དང་། འོས་སྦྱོང་ཐོན་མཚམས་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ཡུལ་སློབ་གྲྭ་ཁག་ནང་ལས་བགོས་བྱུང་ཚེ། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་གཞི་རིམ་འོག་མ་དང་བར་མའི་དགེ་རྒན་གྱི་ཕོགས་ཐོབ་དང་གཅིག་མཚུངས་འབུལ་རྒྱུ་ཡིན་ན། དགེ་རྒན་གྱི་ལས་སྒོར་ཞུགས་རྒྱུའི་དོ་དབྱིངས་དང་འདུན་པ་ཆེ་བའི་དོན་གཉེར་ཅན་རྣམས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༤ འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་དགོས་ངེས་ཡིག་ཆ་དང་བཅས་སྙན་འབུལ་དགོས་ཤིང་། དུས་བཀག་རྗེས་སུ་འབྱོར་བའི་སྙན་ཞུ་རྣམས་རང་བཞིན་གྱིས་རྩིས་མེད་གཏོང་རྒྱུ་ཡིན་པ་དེ་དོན་དགོངས་འཇགས་ཞུ།
དགོས་ངེས་ཆ་རྐྱེན།
༡༽ ཉེ་བའི་གཙུག་ལག་རབ་འབྱམས་པ་(B.A B.Com B.Sc.)དང་། དེ་དང་ཚད་མཉམ་པའི་ཤེས་ཚད་ལག་འཁྱེར་དང་ཕྱོགས་བསྡོམས་བརྒྱ་ཆ་ ༥༠ ལོན་པའི་ཨང་ཤོག་གི་ངོ་བཤུས།
༢༽ འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ལག་འཁྱེར་དང་ཨང་ཤོག་གི་ངོ་བཤུས། (འཛིན་རིམ་བཅུ་གཉིས་བར་བོད་ཡིག་སློབ་གཉེར་གནང་བ་ཞིག་དགོས།)
༣༽ བོད་རྒྱའི་སྨན་པ་ཚད་ལྡན་ཞིག་གིས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ།
༤༽ ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༣༡ བར་དཔྱ་དངུལ་འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
༥༽ ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡ བར་རང་ལོ་ ༢༧ ལས་མ་བརྒལ་བ་དགོས་རྒྱུ།
༦༽ འབྲེལ་བ་ཞུ་བདེའི་སླད་དོ་བདག་སྙན་འབུལ་བའི་གློག་འཕྲིན་ཁ་བྱང་དང་། ཁ་པར་ཨང་འཚང་སྙན་ནང་དུ་ཁ་གསལ་འགོད་དགོས།
གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་ལས་བྱེད་ཟུང་དྲུང་ཡན་ནམ་ས་གནས་འགོ་འཛིན། ཡང་ན། བོད་མིའི་སློབ་གྲྭ་གང་རུང་གི་སློབ་སྤྱི་བཅས་སུ་རུང་ནས་ངོ་བཤུས་ཡིག་ཆ་ཁག་ངོ་འདྲ་ཚད་འཕེར་ཡིན་པའི་དག་མཆན་མཚན་རྟགས་ངེས་ཞུ་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༡ ལ།།
The Secretary,
Department of Education
Central Tibetan Administration
GangchenKyishong
Dharamsala – 176215
Distt. Kangra,H.P. India,
Fax: 01892 – 223481 Tel: 01892 – 222572/ 222721
Email: [email protected], website: www.tcewf.org, www.sherig.org/tb/