ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །མཚུངས་མེད་དབུས་ལས་ཁུངས་ཁག་གི་དྲུང་ཆེ་དང་འགན་འཛིན་རྣམ་པ། སྐུ་ཚབ་དོན་གཅོད་རྣམ་པ། ས་གནས་འགོ་འཛིན་རྣམ་པ་བཅས་ཀྱི་སྙན་ལམ་དུ།
ཆེད་ཞུ། ཉེ་སྔོན་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༠ ཉིན་དཔལ་ལྡན་བཀའ་ཤག་ནས་གནས་ཆུང་ཆོས་རྒྱལ་ཆེན་པོ་སླར་ཡང་སྤྱན་འདྲེན་ཞུས་པའི་བཀའ་ལུང་ནང་གསལ། ཁ་བ་ཅན་གྱི་བསོད་ནམས་གསོག་ཕྱིར་རྐྱེན་སེལ་རིམ་གྲོ་ཁག་གཅིག་ཕེབས་ཁོངས། མཆོག་དམན་ཀུན་ནས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་བསྟོད་པ་དང་འབྲེལ་གཟུངས་སྔགས་ཡིག་དྲུག་མ་འགྲོ་གང་ཆེ་གསོག་སྒྲུབ་གནང་དགོས་འདུག་ན། འདི་ནས་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༧ འཁོད་པའི་གསལ་བསྒྲགས་ནང་དོན་ལྟར། བོད་མི་མི་རེ་ངོ་རེ་ནས་མ་ཎི་ཡིག་དྲུག་གྲངས་འབུམ་ཕྲག་གཉིས་རེ་གསོག་སྒྲུབ་ཞུ་མུས་དེའི་ཐོག་འཕགས་མཆོག་ཐུགས་རྗེ་ཆེན་པོའི་བསྟོད་པ་འགྲོ་གང་ཆེ་ཡང་གསོག་གནང་ཡོང་བར་སོ་སོའི་ཁྱབ་ཁོངས་དང་བཅས་པར་གསལ་བསྒྲགས་ནན་འདྲོངས་ཐོག་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༣༠ ནང་ཚུད་འདི་ག་ཆོས་རིག་ལས་ཁུངས་སུ་སྒྲུབ་ཐོ་ཁ་གསལ་ངེས་གནང་ཡོང་བ་དེ་དོན་དགོངས་འཇགས་ཞུ། ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༤ ལ།།