༢༠༡༦ ཟླ་ ༤ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །དབུས་བོད་མའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཉེ་བའི་གཙུག་ལག་རབ་འབྱམས་ (Bachelor Degree) ཐོན་མཁན་དཔེ་མཛོད་དོ་དམ་པའི་ལས་སྣེར་ཞུགས་བློ་ཡོད་རིགས་མི་འགྲོ་ ༡༥ བརྒྱ་ཆ་རྩེ་ཏོག་གིས་འདེམས་སྒྲུག་གནང་སྟེ་ལཱབ་ཧྤུ་ལི་སློབ་གཉེར་ཁང་ (Lovely Professional Universtiy, Jalandhar) དུ་ལོ་གཅིག་རིང་དཔེ་མཛོད་དོ་དམ་པའི་སྦྱོང་བརྡར་ (Bachelor of Library & Information Science) བྱ་རྒྱུའི་སློབ་ཡོན་ཆ་ཚང་འདི་ནས་གནང་རྒྱུ་ཡིན་ན། སློབ་ཡོན་འདི་ཞུ་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༧ ཚེས་ ༡༥ འགྱངས་མེད་གཤམ་གསལ་ཤེས་རིག་ལས་ཁུངས་ཀྱི་ཁ་བྱང་ཐོག་སྙན་ཞུ་འབུལ་འབྱོར་ཐུབ་པ་དགོས། སློབ་ཡོན་ཐོབ་རྗེས་སློབ་མཐར་མ་འཁྱོལ་བར་མཚམས་འཇོག་བྱས་ཚེ་དངུལ་འབོར་ཆ་ཚང་ཕྱིར་སློག་དགོས་པའི་སྔོན་ཚུད་ནས་གན་ཡིག་འཇོག་དགོས་ཐོག་སློབ་མཐར་སོན་རྗེས་ཉུང་མཐར་ལོ་ལྔའི་རིང་ཤེས་རིག་ཁྱབ་ཁོངས་སློབ་ཁག་ཏུ་ཞབས་ཞུ་བསྒྲུབ་རྒྱུའི་ཁས་ལེན་གནང་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ།
དགོས་ངེས་ཆ་རྐྱེན་ནམ་ཡིག་ཆ་ཁག
༡༽ ངོས་འཛིན་ཡོད་པའི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་གང་རུང་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་ (B.A/B.Sc/B.Com or equivalent) ཐོག་ཉུང་མཐར་བརྒྱ་ཆ་ ༥༥ ལོན་པའི་ཨང་ཤོག་ (Marks Card) ངོ་བཤུས།
༢༽ དོ་བདག་གིས་དཔྱ་ཁྲལ་གཙང་ཕུལ་ཟིན་པའི་དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ངོ་བཤུས་དང་། རྒྱ་གར་སྐྱབས་བཅོལ་ལག་དེབ་(R.C.) དུས་འགྱངས་ཞུས་པའི་ངོ་བཤུས།
༣༽ ཀམ་པུ་ཊར་རྨང་གཞི་བེད་སྤྱོད་བྱེད་སྟངས་སྐོར་རྒྱུས་མངའ་ཡོད་པ།
༤༽གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་ཐོག་ས་གནས་འགོ་འཛིན་ནམ། བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་གནས་རིམ་ཡན་ནམ། ཡང་ན་སློབ་གྲྭའི་སློབ་སྤྱི་སུ་རུང་གི་དག་མཆན་ལས་དམ་ (Attestation) འཁོད་དགོས།
༥༽ འདི་ནས་དོ་བདག་སོ་སོར་དུས་ཐོག་འབྲེལ་ལམ་ཞུ་བདེའི་སླད་སོ་སོའི་ཁ་བྱང་དང་། གློག་འཕྲིན (email) ཁ་བྱང་། ཁ་པར་ཨང་གྲངས་བཅས་ཁ་གསལ་འགོད་དགོས་པ་བཅས། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༤ ལ།།
The Secretary
Department of Education, CTA
Gangchen Kyishong
Dharamsala – 176215, Distt. Kangra H.P. India
Email: [email protected]