༢༠༡༦ ཟླ་ ༤ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༥ ཉིན་ཧི་མཱ་ཅལ་མངའ་སྡེ་དབུ་བརྙེས་ནས་མི་ལོ་དྲུག་ཅུ་རེ་དགུ་འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་དུས་དྲན་མཛད་སྒོ་དེ་བཞིན་ཀངྒ་ར་རྫོང་ལས་ཁུངས་ཀྱིས་གོ་སྒྲིག་འོག་རྡ་སའི་ཉེན་རྟོག་ཐང་ཆེན་དུ་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེ་གཞུང་གི་ཁྲལ་རིགས་བློན་ཆེན་སྐུ་ཞབས་པྲ་ཀཱཤ་ཅོ་དེ་རི་ Prakash Chaudhary མཆོག་དང་། དམིགས་བསལ་སྐུ་མགྲོན་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཤེས་ཡོན་དང་མང་ཚོགས་འཕྲོད་བསྟེན་ཚན་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ནི་རཇ་སྦར་ཏི་མཆོག་དང་ཇག་ཇི་བན་པལ་མཆོག སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས།
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས། རྡ་ས་ས་གནས་འགོ་འཛིན། ཀངྒ་ར་རྫོང་དཔོན་སོགས་ཆེད་ཕེབས་གནང་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་རྒྱལ་དར་སྒྲེང་འཛུགས་གནང་བསྟུན། ཉེན་རྟོག་རུ་ཁག་རྣམས་ཀྱིས་རུ་སྒྲིག་གི་ལམ་ནས་སྐུ་མགྲོན་རྣམས་ལ་ཆེ་མཐོང་ཞུས་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་དང་བོད་ཀྱི་ཟློས་གར་ཚོགས་པས་གཙོས་སློབ་གྲྭ་ཁག་མི་འདྲ་བ་བཞིས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད།
སྤྱིར་ཧི་མཱ་ཅལ་ཞེས་ས་ཁུལ་འདིར་