༢༠༡༦ ཟླ་ ༣ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ ཉིན་ཧི་མཱ་ཅལ་མངའ་སྡེའི་ཚེའི་རིག་བྱེད་ Ayurveda ཀྱི་བློན་ཆེན་སྐུ་ཞབས་ཀ་རན་སིངྒ་མཆོག སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་གསུམ་པའི་སྐབས་ཟུར་ཉན་དུ་ཆེད་ཕེབས་གནང་བ་མ་ཟད།
ཕྱི་ཚེས་ ༢༥ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཆུ་ཚོད། ༡༠།༤༥ ཙམ་ལ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་ལྔ་པའི་ཚོགས་དུས་སྐབས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་པྲེམ་ཀུ་མཱར་དུ་མལ་ Shri. Prem Kumar Dhumal) མཆོག་དང་།
ཧི་མཱ་ཅལ་མངའ་སྡེའི་ BJP དྲུང་ཆེ་སྐུ་ཞབས་པཱ་ཝན་རཱ་ན་ Shri. Pavan Rana ལགས། ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་ Shri.Kishan Kapoor མཆོག རྡ་སའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིང་མོན་ཀོ་ཊི་ཡ་ Ajay Singh Mankotia ལགས།
རྡ་ས་མེཀ་ལོ་གྷན་ཇིའི་གྲོས་སྡེ་ལྷན་ཚོགས་ Ward 3 MCD ཀྱི་ཚོགས་མི་ལྕམ་སྐུ་སི་ནེ་ཧ་ Smt. Sneha ལགས། རྡ་ས་མེག་ལོ་གྷན་ཇིའི་གྲོང་སྡེ་ལྷན་ཚོགས་ Ward 3 MCD ཀྱི་འོས་མི་ཝི་པིན་ནེ་ཧ་རི་ Vipin Nehari ལགས། འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་དི་ནེ་ཤི་ Shri. Dinesh ལགས་བཅས་ཟུར་ཉན་དུ་བཅར་སྐབས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་ནང་ཁོང་རྣམ་པར་ངོ་སྤྲོད་དང་འབྲེལ་གུས་བསུའི་འཚམས་འདྲི་གནང་སྐབས་སྤྱི་འཐུས་རྣམ་པ་སོགས་གྲོས་ཚོགས་ཀྱི་ཚོགས་མི་ཡོངས་སྐུ་བཞེངས་ཏེ་དགའ་བསུ་ཞུས་ཡོད་པ་མ་ཟད། གསོལ་ཇའི་བར་གསེང་སྐབས་སྐུ་མགྲོན་རྣམ་པར་གསོལ་ཇ་ཞལ་ཏོག་ཕུལ་བ་དང་སྦྲགས། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་མཆོག་དང་། ནང་སྲིད་བཀའ་བློན་མཆོག་བཅས་མཉམ་ཟུར་མཇལ་ཡང་ཞུས་ཡོད་པ་བཅས།།