༢༠༡༦ ཟླ་ ༣ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ལོ་ནི་༸རྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གཉིས་ཀྱིས་ལྕགས་པོ་རི་སྨན་པ་གྲྭ་ཚང་ཕྱག་བཏབ་ནས་མི་ལོ་ ༣༢༠ འཁོར་བ་དང་། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ལྷ་ས་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་ངོ་ ༡༠༠ འཁོར་བའི་དུས་ཚིགས་ཤིག་ཆགས་ཀྱི་ཡོད་སྟབས། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ནས་ ༡༡།༣༠ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་སྟེང་དུས་ཆེན་མཛད་སྒོ་སྲུང་བརྩི་ཞུ་སྐབས་ཏཱ་ལའི་བླ་མའི་དྲ་ལམ་བརྒྱུད་ཐད་ཀར་རྒྱང་སྲིང་ཐོག་གཟིགས་ཐུབ་རྒྱུ་ཡིན་འདུག