༢༠༡༦ ཟླ་ ༣ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་ཁྱབ་ཁོངས་མོན་གྷོ་འདོད་རྒུ་གླིང་། ཧོན་སུར་རབ་རྒྱས་གླིང་། མེའོ་ཆོས་འཕེལ་གླིང་། ལ་དྭགས་བསོད་ནམས་གླིང་། སྦིར་དང་། སྦན་ད་ར་ནོར་རྒྱས་གླིང་བཅས་ཀྱི་འཕྲོད་བསྟེན་སྨན་ཁང་ནང་སྨན་པའི་ས་མིག་ས་སྟོང་ཡོད་ན། བོད་མིའི་སྒྲིག་འཛུགས་ཀྱི་ཟུར་བཅས་སྨན་པའི་ཞབས་སྟེགས་ཐོག་སྨན་སློབ་ཐོན་པ་ཡིན་ཚེ་གོང་གསལ་ས་གནས་མེའོ་དང་ལ་དྭགས་གཉིས་ཀྱི་ནང་སྨན་པའི་ཞབས་ཡུན་ཉུང་མཐར་ལོ་གཉིས་ཞུ་དགོས། རང་རེའི་སྤྱི་ཚོཌ་ཁྲོད་གོང་གསལ་ས་མིག་ཐོག་ཞུགས་འདོད་ཡོད་རིགས་ནས་གཤམ་གསལ་ཆ་རྐྱེན་ཚང་ཐོག་འཚང་སྙན་འབུལ་དགོས།
དགོས་ངེས་ཆ་རྐྱེན་གཞན།
༡། ངོས་འཛིན་ཡོད་པའི་སྨན་ཁང་ནས་ཉུང་མཐར་ MBBS སློབ་ཐོན་ཟིན་པའི་ལག་འཁྱེར་ཐོག་ཉམས་གསོག་ཟིན་པའི་ལག་འཁྱེར།
༢། རྒྱ་གར་སྨན་པའི་ལྷན་ཚོགས་སམ་མངའ་སྡེའི་ལྷན་ཚོགས་ཀྱི་ལག་འཁྱེར།(Registration Certificate from MCI or State Medical Council)
༣། དང་བླངས་དཔྱ་དངུལ་ ༢༠༡༦ བར་གཙང་ཕུལ་ཞུས་པའི་ལག་དེབ་ཀྱི་ངོ་བཤུས།
༤། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་
འདྲ་པར་ཅན། མཐའ་མ་བཅས་ཀྱི་ངོ་བཤུས།
༥། སྨན་པ་ཚད་ལྡན་ནས་གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་ངོ་མ།
༦། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར།
༧། ད་ལྟ་ལས་ཀ་བྱེད་བཞིན་ཡིན་ཚེ་འབྲེལ་ཡོད་ནས་དགག་ཆ་མེད་པའི་ངོས་སྦྱོར།
གོང་གསལ་ཡིག་ཆའི་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་གནས་རིམ་ཟུང་འབྲེལ་དྲུང་ཆེ་ཡན་ཞིག་གི་དག་མཆན་དང་ལས་དམ་སྦྲགས་གཤམ་གསལ་ཁ་བྱང་ཐོག་འབུལ་དགོས། དོ་བདག་སོ་སོར་འབྲེལ་བ་ཞུ་བདེའི་སླད་སྡོད་གནས་ཁ་བྱང་དང་། གློག་འཕིན་ཁ་བྱང་། དེ་བཞིན་ཁ་པར་ཨང་གྲངས་སོགས་འཚང་སྙན་ནང་ཁ་གསལ་བཀོད་དགོས་ཤིང་། འཚང་སྙན་འབྱོར་རིམ་བཞིན་ལས་འགན་བཀོད་སྒྲིག་ཞུ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སུ།
འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༥ ལ།།
༼འཚང་སྙན་འབུལ་ཡུལ།༽
Secretary,
Department of Health, CTA
Gangchen Kyishong,
Dharamsala 176215
Distt Kangra H.P