ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཤར་ཕྱོགས་ས་གནས་ཁྲིམས་ཁང་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༣༡ ནས་ཕྱིར་བསྡུ་གནང་གཏན་འཁེལ་བ་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༢ ནས་ ༡༧ བར་ས་གནས་སུ་ཆེད་བསྐྱོད་ཀྱིས། ས་གནས་ཁྲིམས་ཞིབ་ཁང་གི་ཡིག་ཆ་དང་དངོས་ཟོག དངུལ་རྩིས་བཅས་པ་རྩིས་གཙང་དང་། འཕྲོ་སྐྱོང་བྱེད་སྒོ་ཡོངས་རྫོགས་ལེགས་གྲུབ་མཚམས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༨ ཉིན་བཞུགས་སྒར་དུ་ཕེབས་འབྱོར་བྱུང་ཡོད་པའི་གསར་འགྱུར་སྙིང་བསྡུས་སུ།།
སྤྱི་ཁྱབ་ཁྲིམས་དྲུང་ཤར་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་དུ་གཞུང་དོན་ཕྱོགས་བསྐྱོད་ལེགས་གྲུབ།
གསར་གནས།

འབྲེལ་གནས།
