༢༠༡༦ ཟླ་ ༣ ཚེས་ ༡༨་རེས་གཟའ་པ་སངས།
༄༅། །བལ་ཡུལ་སྤོག་ར་གློ་སྒྲིག་ས་གནས་འགོ་འཛིན་ལས་ཁུངས་སུ་རྒན་དྲུང་གནས་རིམ་ལས་བྱེད་གཅིག་ཁ་སྐོང་ཆེད་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། བལ་ཡུལ་དུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་ཡོད་པ་དང། གཤམ་གསལ་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་འཐུས།
ལས་བྱའི་སྡེ་ཚན་ཁོངས་རྒན་དྲུང་ས་མིག་ ༡ ཡོད་པའི་དགོས་མཁོའི་ཆ་རྐྱེན་གཤམ་གསལ།
༡། ཤེས་ཚད། ཚད་ལྡན་མཐོ་སློབ་ཞིག་ནས་ཉུང་མཐར་ཉེ་བའི་གཙུག་ལག་རབ་འབྱམས་པ་ (B.A /B.Com/B.Sc.) གང་རུང་ཐོན་པའམ། དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཚད་ལྡན་ཡོད་པ།
༢། ལོ་ཚད། ༢༠༡༦།༠༥།༠༦ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༣། རྒྱུགས་གཞི། བོད་ཡིག་དང། ཨིན་ཡིག་འབྲི་རྒྱུགས། ༼རྩིས་ཀྱི་ཡིག་རྒྱུགས་ཟུར་དུ་མེད་ཀྱང་བོད་ཨིན་གཉིས་ཀྱི་དྲི་ཤོག་ནང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་འབྲེལ་བའི་སྒྲིག་གཞི་ཁག་གི་ནང་དོན་ས་བཅད་ཟུར་བཀོད་ཀྱིས་དྲི་བ་ཡོང་རྒྱུ།༽ བོད་སྐད་དང། ཨིན་སྐད་གཉིས་ཐོག་ངག་རྒྱུགས་ལེན་རྒྱུ།
གོང་གསལ་གནས་རིམ་ཐོག་ཆ་རྐྱེན་ལྡན་རིགས་ནས་འདི་ག་ལས་བྱེད་འདེམས་བསྐོ་ལྷན་ཁང་དང། བལ་ཡུལ་དོན་ཁང།/ས་གནས་འགོ་འཛིན་ལས་ཁུངས་ཁག་ནས་ཞུ་བའམ། ཡང་ན། /དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ། (www.tibet.net) ནས་བོད་ཡིག་ཐོག་གཏན་འབེབས་ཡོད་པའི་འཚང་སྙན་འགེངས་ཤོག་བཏོན་སྟེ་དོན་ཚན་རྣམས་འཚེམས་ལུས་མེད་པ་བཀང་ཟིན་རྗེས།
༡༽ རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༢ རེ་དང།
༢༽ མཐའ་མའི་ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ (Marks Card & Degree Certificate) གྱི་ངོ་བཤུས།
༣༽ དྭང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༤༽ བལ་ཡུལ་ནང་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་གང་ཡོད་ཀྱི་ངོ་བཤུས།
༥༽ ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས།
༦༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་(MC) ཁ་གསར་སྟེང་རང་
ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང། ས་རྟགས་འཁོད་པ་ངོ་མ།
༧༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།
༨༽ གལ་སྲིད་ད་ལྟ་སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ (No Objection Letter) ངོ་མ་བཅས་མཉམ་འབུལ་དགོས། གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་ (Attestation) ཞུས་ཏེ། ༢༠༡༦ ཟླ་ ༠༥ ཚེས་ ༠༦ ཉིན་གྱི་དགོང་དྲོ་ཚོུད་ ༥ པ་འགྱངས་མེད་འབུལ་འབྱོར་དགོས་རྒྱུ། འབྲེལ་བ་ཞུ་བདེའི་ཆེད་སོ་སོའི་ཁྱིམ་གཞིས་དང། ད་ལྟའི་སྡོད་གནས་ཀྱི་ཁ་བྱང། ཁ་དཔར་ཨང། གློག་འཕྲིན། (E-Mail) སོགས་གང་ཡོད་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་ སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འབྱོར་རིགས་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་ E-Mail ཁ་པར་གང་རུང་བརྒྱུད་འབོད་བརྡ་གཏོང་རྒྱུ་དང། ཡིག་རྒྱུགས་ལས་རིམ་དང་འབྱོར་ཐོ་འགོད་ཡུལ་འཚང་སྙན་འབུལ་མཁན་གྱི་གྲངས་ཀར་གཞིགས་ཏེ་སྐབས་མཚམས་ལན་གསལ་བྱ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༦ ཟླ་ ༠༣ ཚེས་ ༡༨ ལ།།
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt. Kangra(H.P)
Tel: 01892-226240
Telefax: 01892-222328
E-mail: [email protected]