༢༠༡༦ ཟླ་ ༣ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་བསྟུན་དགོས་མཁོ་གཞི་བཟུང་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་ཁྱད་ལས་པ་ལས་བྱེད་ ༣ དང་། ཕྱི་དྲིལ་ཀམ་པུ་ཀྲར་སྡེ་ཚན་དུ་དམིགས་བཀར་ལས་བྱེད་ ༢ བཅས་བསྡོམས་ལས་བྱེད་ ༥ གཤམ་གསལ་ས་སྟོང་ཡོད་པར་དགོས་ངེས་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་འཐུས།
ཁྱད་ལས་པའི་ས་མིགཿ བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་ཉམས་ཞིབ་ལས་དོན་ཆེད་ཁྱད་ལས་དྲུང་གཞོན་ ༡ དང། དྲུང་ལས་ ༡ སྡེ་འགན་ས་མིག་ ༡ བཅས་བསྡོམས་ཁྱད་ལས་པ་ས་མིག་གསུམ་གྱི་སོ་སོའི་དགོས་ངེས་ཆ་རྐྱེན་གཤམ་གསལ།
ཀ ཁྱད་ལས་པ་དྲུང་གཞོན།
༡༽ ལས་འགན། ཉམས་ཞིབ་པ།
༢༽ ཤེས་མྱོང་། ༡། ཚད་ལྡན་མཐོ་སློབ་གང་ཞིག་ནས་ཉུང་མཐར་འབུམ་རམ་པ་ (Phd.) ཐོན་པའི་ལག་འཁྱེར་ཡོད་པའམ། ཡང་ན། གཙུག་ལག་རབ་འབྱམས་པའི་ལག་འཁྱེར་ཉིས་བརྩེགས་ (Double Master Degree)/M.phil/དེ་དང་མཉམ་པའི་ལས་རིགས་གཞན་གྱི་ཁྱད་ལས་པའི་ལག་འཁྱེར་ (Qualified in other equivalent professional field) ཡོད་པའི་ཐོག་ལོ་ ༤ ལས་ཀའི་ཉམས་མྱོང་ཡོད་པ་དང་།
༢། བོད་དང་རྒྱ་དཀར་ནག་གཉིས་བཅས་ཀྱི་གནད་དོན་ཐོག་དོ་སྣང་དང། རྨང་གཞིའི་ཤེས་བྱ་ཡོད་པ།
༣། བོད་དང་ཨིན་ཇིའི་སྐད་ཡིག་ཚད་འཕེར་གང་ལེགས་ཡོད་ཐོག་རྩོམ་འབྲིའི་ནུས་རྩལ་རང་རྒྱ་འཕེར་བ་ཡོད་པ།
༤། ཉམས་ཞིབ་རིག་པའི་གཞུང་ལུགས་ཐོག་སློབ་སྦྱོང་བྱས་མྱོང་ཡོད་པ་དང། དཔྱད་རྩོམ་འབྲི་མྱོང་ཡོད་པའི་ཆ་རྐྱེན་ཚང་བ་ཞིག་དགོས།
༣༽ ལོ་ཚད། ༢༠༡༦།༠༥།༠༦ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༤༽ རྒྱུགས་གཞི། སྤྱིར་ཁྱད་ལས་པར་ངག་རྒྱུགས་ལས་མེད་ཀྱང། འབྲེལ་ཡོད་ལས་ཁུངས་ཀྱི་དགོས་མཁོའི་ཆ་རྐྱེན་ལ་གཞིགས་ཏེ་ཆ་རྐྱེན་ཚང་བའི་མི་འགྲོ་རྣམས་ལ་ངག་རྒྱུགས་ཐོག བོད་ཨིན་གཉིས་ཀྱི་རྩོམ་ཡིག་འབྲི་རྒྱུགས་ལེན་རྒྱུ།
ཁ ཁྱད་ལས་པ་དྲུང་ལས།
༡༽ ལས་འགན། ཉམས་ཞིབ་པ།
༢༽ ཤེས་མྱོང་། ༡། ཚད་ལྡན་མཐོ་སློབ་གང་ཞིག་ནས་ཉུང་མཐར་ཆེས་མཐོའི་གཙུག་ལག་རབ་འབྱམས་པའི་གནས་ཚད་ཁྱད་ལས་སློབ་སྦྱོང་ (M.Phil degree in a professional field) ཡོད་པའམ། ཡང་ན། ཁྱད་ལས་པའི་ལས་རིགས་ཐོག་གཙུག་ལག་རབ་འབྱམས་པ་ (Master in required field)/ཚད་མཉམ་མཐོ་རིམ་ལས་རིགས་ (Qualified in other equivalent professional field) ཐོན་པའི་ལག་འཁྱེར་ཡོད་པའི་ཐོག་ལོ་ ༣ ལས་ཀའི་ཉམས་མྱོང་ཡོད་པ་དང།
༢། བོད་དང་རྒྱ་དཀར་ནག་གཉིས་བཅས་ཀྱི་གནད་དོན་ཐོག་དོ་སྣང་དང། རྨང་གཞིའི་ཤེས་བྱ་ཡོད་པ།
༣། བོད་ཨིན་རྒྱ་ཡིག་གསུམ་གང་རུང་གི་སྐད་ཡིག་ཚད་འཕེར་གང་ལེགས་ཡོད་ཐོག་རྩོམ་འབྲིའི་ནུས་རྩལ་ལྡན་པ།།
༤། ཉམས་ཞིབ་རིག་པའི་གཞུང་ལུགས་ཐོག་སློབ་སྦྱོང་བྱས་མྱོང་ཡོད་པའི་ཆ་རྐྱེན་ཚང་བ་ཞིག་དགོས།
༣༽ ལོ་ཚད། ༢༠༡༦།༠༥།༡༦ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༤༽ རྒྱུགས་གཞི། སྤྱིར་ཁྱད་ལས་པར་ངག་རྒྱུགས་ལས་མེད་ཀྱང། འབྲེལ་ཡོད་ལས་ཁུངས་ཀྱི་དགོས་མཁོའི་ཆ་རྐྱེན་ལ་གཞིགས་ཏེ་ཆ་རྐྱེན་ཚང་བའི་མི་འགྲོ་རྣམས་ལ་ངག་རྒྱུགས་ཐོག བོད་ཨིན་རྒྱ་ཡིག་གསུམ་གང་རུང་གི་རྩོམ་ཡིག་འབྲི་རྒྱུགས་ལེན་རྒྱུ།
ག ཁྱད་ལས་པ་སྡེ་འགན།
༡༽ ལས་འགན། ཉམས་ཞིབ་པ།
༢༽ ཤེས་ཚད། ༡། ཚད་ལྡན་མཐོ་སློབ་གང་ཞིག་ནས་གཙུག་ལག་རབ་འབྱམས་ (Master’s degree in required field) ཐོན་པའི་ལག་འཁྱེར་ཡོད་པའམ། ཡང་ན། དེ་དང་མཉམ་པའི་ (Qualified in other equivalent professional field) ཡོད་པ་དང།
༢། བོད་དང་རྒྱ་དཀར་ནག་གཉིས་བཅས་ཀྱི་གནད་དོན་ཐོག་དོ་སྣང་དང། རྨང་གཞིའི་ཤེས་བྱ་ཡོད་པ།
༣། བོད་ཨིན་རྒྱ་གསུམ་གང་རུང་གི་སྐད་ཡིག་ཐོག་འབྲི་རྩལ་ཡོད་པ།
༤། ཉམས་ཞིབ་རིག་པའི་གཞུང་ལུགས་ཐོག་སློབ་སྦྱོང་བྱས་མྱོང་ཡོད་པའི་ཆ་རྐྱེན་ཚང་བ་ཞིག་དགོས།
༣༽ ལོ་ཚད། ༢༠༡༦།༠༥།༠༦ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༤༽ རྒྱུགས་གཞི། སྤྱིར་ཁྱད་ལས་པར་ངག་རྒྱུགས་ལས་མེད་ཀྱང། འབྲེལ་ཡོད་ལས་ཁུངས་ཀྱི་དགོས་མཁོའི་ཆ་རྐྱེན་ལ་གཞིགས་ཏེ་ཆ་རྐྱེན་ཚང་བའི་མི་འགྲོ་རྣམས་ལ་ངག་རྒྱུགས་ཐོག་བོད་ཨིན་རྒྱ་ཡིག་གསུམ་གང་རུང་གི་རྩོམ་ཡིག་འབྲི་རྒྱུགས་ལེན་རྒྱུ།
དམིགས་བཀར་ས་མིག ཕྱི་དྲིལ་ཀམ་པུ་ཀྲར་སྡེ་ཚན་དུ་དམིགས་བཀར་ས་མིག་ཐོག་སྡེ་འགན་ ༡ དང། ལས་དྲུང་ ༡ བཅས་བསྡོམས་དམིགས་བཀར་ས་མིག་གཉིས་སོ་སོའི་དགོས་ངེས་ཆ་རྐྱེན་གཤམ་གསལ།
ཀ དམིགས་བཀར་སྡེ་འགན།
༡༽ ལས་འགན། Database and Web Developer
༢༽ ཤེས་མྱོང་། ཚད་ལྡན་མཐོ་སློབ་གང་ཞིག་ནས་ཉུང་མཐར་ཀམ་པུར་ཀྲར་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ Bachelor in Computer Science (BCA) ཐོན་པའི་ལག་འཁྱེར་ཡོད་པ།
༣༽ ལོ་ཚད། ༢༠༡༦།༠༥།༠༦ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༤༽ རྒྱུགས་གཞི། བོད་ཨིན་གཉིས་ཀྱི་འབྲི་རྒྱུགས་དང། ངག་རྒྱུགས་སྒྲིག་གསལ་ལྟར་ལེན་རྒྱུའི་ཐོག་ Computer སྐོར་འབྲི་རྒྱུགས་དང་ལག་ལེན་བསྟར་ཕྱོགས་ Practical རྒྱུགས་ལེན་བྱ་རྒྱུ།
ཀ དམིགས་བཀར་ལས་དྲུང་།
༡༽ ལས་འགན། Web Developer
༢༽ ཤེས་མྱོང་། ཚད་ལྡན་མཐོ་སློབ་གང་ཞིག་ནས་ཉུང་མཐར་ཀམ་པུར་ཀྲར་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ Bachelor in Computer Science (BCA) ཐོན་པའི་ལག་འཁྱེར་ཡོད་པ།
༣༽ ལོ་ཚད། ༢༠༡༦།༠༥།༠༦ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༤༽ རྒྱུགས་གཞི། བོད་ཨིན་གཉིས་ཀྱི་འབྲི་རྒྱུགས་དང། ངག་རྒྱུགས་སྒྲིག་གསལ་ལྟར་ལེན་རྒྱུའི་ཐོག་ Computer སྐོར་འབྲི་རྒྱུགས་དང་ལག་ལེན་བསྟར་ཕྱོགས་ Practical རྒྱུགས་ལེན་བྱ་རྒྱུ།
གོང་གསལ་ས་མིག་ཐོག་ཆ་རྐྱེན་ལྡན་རིགས་ནས་འདི་ག་ལས་ཁུངས་དང། ས་གནས་འགོ་འཛིན་ལས་ཁུངས་ནས་ཞུ་བའམ། ཡང་ན། གཞུང་འབྲེལ་དྲ་རྒྱ་ (www.tibet.net) ནས་བོད་ཡིག་ཐོག་གཏན་འབེབས་ཡོད་པའི་འཚང་སྙན་འགེངས་ཤོག་བཏོན་སྟེ་དོན་ཚན་རྣམས་འཚེམས་ལུས་མེད་པ་བཀང་ཟིན་རྗེས།
༡༽ རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༢ རེ་དང།
༢༽ མཐའ་མའི་ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ (Marks Card & Degree Certificate) གྱི་ངོ་བཤུས།
༣༽ དྭང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༤༽ གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར། (RC) ཤོག་གྲངས་དང་པོ་དང། དུས་འགྱངས་ཞུས་པའི་མཐའ་མའི་ངོ་བཤུས།
༥༽ ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས།
༦༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་(MC) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང། ས་རྟགས་འཁོད་པ་ངོ་མ། (རྡ་ས་བདེ་ལེགས་སྨན་ཁང་གི་ངོས་སྦྱོར་ཡིན་ན་སྨན་པ་ས་འདུ་ཚེ་བརྟན་རྡོ་རྗེའི་ངོས་སྦྱོར་ཞུ་དགོས)
༧༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།
༨༽ གལ་སྲིད་ད་ལྟ་སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ (No Objection Letter) ངོ་མ་བཅས་མཉམ་འབུལ་དགོས། གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་(Attestation) ཞུས་ཏེ། ༢༠༡༦ ཟླ་ ༠༥ ཚེས་ ༠༦ ཉིན་གྱི་དགོང་དྲོ་ཚོུད་ ༥ པ་འགྱངས་མེད་འབུལ་དགོས་རྒྱུ། འབྲེལ་བ་ཞུ་བདེའི་ཆེད་སོ་སོའི་ཁྱིམ་གཞིས་དང། ད་ལྟའི་སྡོད་གནས་ཀྱི་ཁ་བྱང། ཁ་དཔར་ཨང། གློག་འཕྲིན། (E-Mail) སོགས་གང་ཡོད་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འབྱོར་རིགས་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་མཉམ་འཁྱེར་གྱིས་འབྱོར་ཐོ་བཀོད་རྗེས་ངག་རྒྱུགས་དང་འབྲི་རྒྱུགས་ཀྱི་ལས་རིམ་ཞུ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༦ ཟླ་ ༠༣ ཚེས་ ༡༨ ལ།།
Secretary, Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt. Kangra(H.P)
Tel: 01892-226240
Telefax: 01892-22232
E-mail: [email protected]