༢༠༡༦ ཟླ་ ༣ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པར་ལས་དོའི་གནས་རིམ་ཐོག་ཆོད་གན་གསར་འགོད་པ་གཅིག་འདེམས་སྒྲུག་གནང་འཆར་ཡོད་པས། གཤམ་གསལ་ཆ་རྐྱེན་ཚང་བའི་སྙན་འབུལ་བ་ཚང་མས་རང་ཉིད་ཀྱི་ལག་འཁྱེར་ཡིག་ཆ་ཁག་དང་སྦྲགས་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༥ འགྱངས་མེད་འདི་གར་འཚང་སྙན་ཕུལ་འབྱོར་དགོས། ཆ་རྐྱེན་ཚང་བའི་སྙན་འབུལ་བ་རྣམས་འདི་ནས་འདེམས་སྒྲུག་ཚོགས་ཆུང་ཆེད་འཛུགས་ཀྱིས་འདེམས་སྒྲུག་ཞུ་རྒྱུ་དང༌། འདེམས་སྒྲུག་གི་རྩེ་ཏོག་བྱུང་བ་མི་འགྲོ་དེ་བཀའ་ཤག་ལ་བསྐོ་གཞག་ཡོང་བའི་རྒྱབ་གཉེར་ཞུ་རྒྱུ།
དགོས་ངེས་ཆ་རྐྱེན།
༡། གཙུག་ལག་སློབ་གྲྭ་གང་རུང་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའམ་ (B.A) དེ་དང་མཉམ་པའི་སློབ་ཐོན་ལག་འཁྱེར།
༢། བོད་ཨིན་གཉིས་འབྲི་ཀློག་རང་སྐྱ་འཕེར་བ།
༣། ཨིན་ཡིག་ནས་བོད་སྒྱུར་ཐུབ་པ།
༤། བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་དང་འབྲེལ་བའི་ལས་རིགས་ཐོག་ཉམས་མྱོང་ཉུང་མཐར་ལོ་གཉིས་ཡོད་པ། ༼ངོས་སྦྱོར་ཡིག་ཆ་མཉམ་སྦྱར་དགོས།༽
༥། དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་འབུལ་འབབ་གཙང་འབུལ་ཟིན་པའི་འདྲ་བཤུས།
༦། ཁྲིམས་མཐུན་དུས་འགྱངས་ཞུས་པའི་སྐྱབས་བཅོལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས།
༧། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་བོད་པ་དང་རྒྱ་གར་གྱི་སྨན་ཁང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོད་ནད་རིགས་མེད་པའི་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
༨། ད་ལྟ་སྡེ་ཚན་གང་རུང་དུ་ལས་ཞབས་ཞུ་མུས་ཡིན་ཚེ་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར།
གོང་གསལ་ཆ་རྐྱེན་དང་འབྲེལ་བའི་བདེན་དཔང་ཡིག་ཆ་ཁག་གི་ཐོག་གཞུང་ཞབས་ཟུང་དྲུང་ཡན་ནམ་ས་གནས་འགོ་འཛིན་བཅས་གང་རུང་གི་དག་མཆན་ངེས་པར་འཁོད་དགོས། ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༦ ལ།།
Secretary
Department of Information & International Relations, CTA
Gangchen Kyishong; Dharamsala-176 215
Distt. Kangra, Himachal Pradesh
Ph: 01892 – 222510/222457
Email:[email protected]