ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ནང་དགེ་རྒན་ཆེན་མོའི་ས་མིག་སྟོང་པ་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་རྣམས་ལག་འཁྱེར་ཡིག་ཆ་ཁག་གི་ངོ་བཤུས་དང་འཚང་སྙན་བཅས་མངོན་དགའ་སློབ་གྲྭའི་ལས་ཁུངས་སུ་གཤམ་འཁོད་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༥ ཕྱི་དྲོ་ཚོུད་ ༥ འགྱངས་མེད་འབུལ་དགོས་པ་དང་། འཚང་སྙན་ནང་སོ་སོའི་ཞལ་པར་ཨང་དང་ཨི་མེལ་ཁ་བྱང་ངེས་པར་འཁོད་དགོས། འཚང་རྒྱུགས་དངོས་གཞིའི་ཉིན་ཞིབ་འཇུག་ཆེད་ལག་འཁྱེར་ངོ་མ་མཉམ་འཁྱེར་དགོས་པ་དང་། ཆ་རྐྱེན་ཚང་བའི་སྙན་འབུལ་བ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་འདེམས་སྒྲུག་ཞུ་རྒྱུ།
དགོས་ངེས་ཆ་རྐྱེན་ཚང་དགོས་ཁག
༡། ངོས་འཛིན་ཡོད་པའི་མཐོ་རིམ་གཙུག་ལག་སློབ་ཁང་གང་རུང་ནས། (Bachelor Degree with B.Ed) ལག་འཁྱེར་ཐོག་ཉུང་མཐར་སློབ་གྲྭའི་ནང་ཉམས་མྱོང་ལོ་ ༡ དགོས་པ།
༢། དངས་བླང་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་། གཉིས་པ། དངས་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༥ བར་གཙང་ཕུལ་ཞུས་པའི་ལག་དེབ་ཀྱི་ངོ་བཤུས་མཉམ་འབུལ་ཞུ་དགོས།
༣། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་འདྲ་པར་ཅན། མཐའ་མ་བཅས་ཀྱི་ངོ་བཤུས་མཉམ་འབུལ་དགོས།
༤། སྨན་ཁང་ཚད་ལྡན་ནས་གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་སྟེང་རང་ཉིད་ཀྱི་ཕྱེད་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་མཚན་རྟགས་འཁོད་པ་ངོ་མ།
༥། ད་ལྟ་སྤྱི་སྒེར་གང་རུང་དུ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར་དགོས། ༦། རང་ལོ་ ༥ མན་གྱི་ཕྲུ་གུ་མཉམ་སྦྱར་མེད་པ།
༧། རང་ལོ་ ༤༥ ལས་མ་བརྒལ་བ། སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་དེ་མིན་ཁུངས་སྐྱེལ་ཡིག་ཆ་གཞན་གྱི་ངོ་བཤུས།
༨། ཟླ་རེའི་གང་ཕོགས་ཐོག་བར་བརྒལ་ངལ་སེལ་བརྒྱ་ཆ་ ༣༢ རྩིས་གང་ཕོགས་སྒོར་ ༡༢༠༧༠།༠༠ ཐོབ་རྒྱུ་དང་། ཐོབ་ཐང་གཞན་ཁག་སྒྲིག་གསལ་བཞིན་ཞུ་སྤྲོད་ཆོག་རྒྱུ།
གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་ཁག་ལ་ས་གནས་འགོ་འཛིན་ནམ། བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་གནས་རིམ་ཡན་ནམ། ཡང་ན་སློབ་གྲྭའི་སློབ་སྤྱི་སུ་རུང་གི་དག་མཆན་ལས་དམ་འཁོད་དགོས་པ་བཅས། མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༦ ལ།།
Director
Ngoenga School for Tibetan Children with Special Needs
S.D.Road,P.O.Kulhan-248001
Distt.Dehradun,Uttarakhand
Email: [email protected],www.ngoengaschool.org
Ph:(0135) 2607688,2607128