༢༠༡༦ ཟླ་ ༡ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༥ ནས་ ༡༣ བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལྡི་ལིར་ཨ་ཅཱརྱཱ་ཀིར་པ་ལཱ་ནི་Acharya Kripalani མཆོག་གི་དྲན་རྟེན་གསུང་བཤད་གནང་རྒྱུ། ཉི་ཧོང་དུ་གྲོས་ཚོགས་འཐུས་མི་ཁག་གཅིག་དང་ལྷན་མཇལ་འཕྲད། དེ་བཞིན་ཉི་ཧོང་དུ་གྲགས་ཆེའི་ཉམས་ཞིབ་བསྟི་གནས་ཁང་ཞིག་གི་ནང་གསུང་བཤད་གནང་རྒྱུ་མ་ཟད། ཚོགས་འདུ་སོགས་ནང་མཉམ་ཞུགས་གནང་རྒྱུ་ཡིན་པ་བཅས།།