ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ནས་ཕྱི་ཟླ་ ༢ ཚེས་ ༡ བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་རྒྱ་གར་མངའ་སྡེ་མ་ཧཱ་རཤ་ཊའི་གྲོང་ཁྱེར་པུ་ནེར་རྒྱ་གར་སློབ་ཕྲུག་ལྷན་ཚོགས་ཐེངས་ལྔ་པ་དང་ནུབ་བྷེང་གྷལ་གྱི་རྒྱལ་ས་ཀ་ལི་ཀ་ཏར་རྟེན་གཞི་བྱས་པའི་ Entrepreneur’s Organization ཞེས་པའི་ཚོགས་འདུར་གསུང་བཤད་གནང་རྒྱུའི་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་ཕྱི་ཚེས་ ༢༧ ཉིན་སྲིད་སྐྱོང་མཆོག་གྷ་གལ་གནམ་ཐང་བརྒྱུད་ལྡི་ལིར་ཕེབས་འཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་ལྡི་ལིའི་གནམ་ཐང་ནས་པུ་ནེར་ཕེབས་འཐོན་གནང་རྒྱུ།
ཕྱི་ཚེས་ ༢༩ ཉིན་པུ་ནེར་ཐེངས་ལྔ་པའི་རྒྱ་གར་སློབ་ཕྲུག་ལྷན་ཚོགས་ཐོག་མཉམ་ཞུགས་ཀྱིས་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༣༠ ཉིན་པུ་ནེ་ནས་མཁའ་ལམ་བརྒྱུད་ཀ་ལི་ཀ་ཏར་ཕེབས་འབྱོར་གནང་སྟེ་ཉིན་དེའི་ཉིན་རྒྱབ་ Entrepreneur’s Organization ཞེས་པའི་ཚོགས་འདུར་གསུང་བཤད་གནང་རྒྱུ།
ཕྱི་ཚེས་ ༣༡ ཉིན་ཀ་ལི་ཀ་ཏ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཟླ་ ༢ ཚེས་ ༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་གྷ་གལ་བརྒྱུད་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས། །