ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ རེས་གཟའ་ལྷག་པ།
ཛ་དྲག།
༄༅། མཚུངས་མེད་དབུས་ལས་ཁུངས་ཁག་གི་དྲུང་ཆེ་དང་འགན་འཛིན་རྣམ་པ། སྐུ་ཚབ་དོན་གཅོད་རྣམ་པ། ས་གནས་འགོ་འཛིན་རྣམ་པ་བཅས་ཀྱི་སྙན་ལམ་དུ།
ཆེད་ཞུ། ཉེ་སྔོན་འདི་ལས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༡ ཉིན་དཔལ་ལྡན་བཀའ་ཤག་གི་ཛ་དྲག་བཀོད་ཁྱབ་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་སྐུ་གཟུགས་བརྟག་་དཔྱད་དང་སྨན་བཅོས་འཕྲོད་བཞེས་གནང་རྒྱུའི་རྐྱེན་སེལ་རིམ་གྲོ་ཕེབས་ཁོངས་སུ། མང་ཚོགས་ནས་༸རྒྱལ་བའི་མཚན་སྔགས་དང་། སྨན་བླའི་གཟུངས་སྔགས་སྨིན་སྒྲུབ་འབོད་སྐུལ་གསལ་བསྒྲགས་སོང་བ་དེའི་ཐོག་ཁ་སྣོན་སྒྲོལ་མ་དང་སྒྲོལ་མའི་གཟུངས་སྔགས་ཀྱང་འགྲོ་གང་ཆེ་གསོག་སྒྲུབ་གནང་དགོས་འདུག་པར། སོ་སོའི་ཁྱབ་ཁོངས་དང་བཅས་པར་མ་གོ་མ་ཐོས་མེད་པར་གསལ་བསྒྲགས་ནན་འདྲོངས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༠ ནང་ཚུད་སྨིན་སྒྲུབ་ཐོག་གྲུབ་ཐོ་ཁ་གསལ་ངེས་གནང་ཡོང་བ་དེ་དོན་དགོངས་འཇགས་ཞུ། ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ལ་ཕུལ།།