ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་དབུས་གཞུང་གི་གཞུང་ཞབས་ལས་བྱེད་ (IAS) མི་གྲངས་ ༡༦ རྡ་ས་ཁུལ་དུ་ཕེབས་ཏེ་རྡ་ས་ས་གནས་འགོ་འཛིན་གྱིས་སྣེ་ཤན་གནང་སྟེ་འདི་ཟླའི་ཚེས་ ༩ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་ཕེབས་པར། དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་མཉམ་མཇལ་འཕྲད་དང་། གྲོས་ཚོགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་དང་འགྲོ་ལུགས་སྐོར་བཅས་འགྲེལ་བཤད་དང་། དྲི་བ་དྲིས་ལན་བཅས་སྔ་དྲོ་ཚོུད་ ༡༠།༤༥ ནས་ཕྱི་དྲོ་ཚོུད་ ༡།༠༠ བར་གྲོས་ཚོགས་ཚོགས་ཁང་དུ་གནང་ཡོད་པ་རེད། །
རྒྱ་གར་མཐོ་རིམ་གཞུང་ཞབས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར།
གསར་གནས།

འབྲེལ་གནས།
