༢༠༡༦ ཟླ་ ༡ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །འདི་ག་ལས་ཁུངས་ནས་གཞུང་ཆེན་རིགས་གཅིག་རྐང་འཛིན་ལས་རིམ་ལག་ལེན་བསྟར་ཕྱོགས་ཐོག་བསྐྱར་ཞིབ་ལེགས་བཅོས་གནང་གཏན་འཁེལ་བ་ལྟར། འདི་ནས་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༢ འཁོད་སྐབས་གསུམ་པའི་གཞུང་ཆེན་རིགས་གཅིག་རྐང་འཛིན་སློབ་གཉེར་གསར་བསྡུའི་གསལ་བསྒྲགས་སྔོན་སོང་དེ་ཉིད་ཕྱིར་བསྡུས་ཀྱིས་ལོ་འདིར་གཞུང་ཆེན་རིགས་གཅིག་རྐང་འཛིན་ལས་རིམ་ཁོངས་འཚང་སྙན་བསྡུ་བཞེས་གནང་རྒྱུ་མིན་པ་དེ་ལུགས་དགོངས་འཇགས་ཞུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༤ ལ།།