༢༠༡༥ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༥ ཉིན་བཏང་གནས་ནང་འཁོད་དོན། ཤར་ཕྱོགས་ས་གནས་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༥ ནས་བཟུང་ཤར་ཕྱོགས་ས་གནས་ཁྲིམས་ཞིབ་པའི་ལས་འགན་ཐོག་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་དང་། ལ་དྭགས་ས་གནས་ཁྲིམས་ཞིབ་པའི་ལས་འགན་འཕར་མ་བཀོད་སྒྲིག་བགྱིས་འདུག་པའི་གསལ་བསྒྲགས་སུ།