༢༠༡༥ ཟླ་ ༡༢ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ལས་བྱེད་ས་མིག་སྟོང་པ་ཐོན་པ་དང་། སྐབས་བསྟུན་དགོས་མཁོ་གཞི་བཟུང་ཁ་སྐོང་ཆེད་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ས་མིག་སོ་སོའི་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་འཐུས།
ཀ༽ ལས་བྱའི་སྡེ་ཚན་ཁོངས་སྡེ་འགན་ ༡ ལས་དོ་ ༡ ལས་དྲུང་ ༧ རྒན་དྲུང་ ༡༠ བཅས་བསྡོམས་ལས་བྱེད་གསར་བསྐོ་ ༡༩ བྱ་རྒྱུའི་དགོས་ངེས་ཆ་རྐྱེན།
༡། ཤེས་ཚད། ཉུང་མཐར་ཚད་ལྡན་མཐོ་སློབ་ཞིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ (B.A /B.Com/B.Sc)གང་རུང་ཐོན་པའམ། དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཚད་ལྡན་ཡོད་པ།
༢། ལོ་ཚད། ༢༠༡༦།༠༢།༡༩ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༣། རྒྱུགས་གཞི། བོད་ཡིག་དང། ཨིན་ཡིག་འབྲི་རྒྱུགས། ༼རྩིས་ཀྱི་ཡིག་རྒྱུགས་ཟུར་དུ་མེད་ཀྱང་བོད་ཨིན་གཉིས་ཀྱི་དྲི་ཤོག་ནང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་འབྲེལ་བའི་སྒྲིག་གཞི་ཁག་གི་ནང་དོན་ས་བཅད་ཟུར་བཀོད་ཀྱིས་དྲི་བ་ཡོང་རྒྱུ།༽ བོད་སྐད་དང། ཨིན་སྐད་གཉིས་ཐོག་ངག་རྒྱུགས་ལེན་རྒྱུ།
ཁ༽ སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ཆེད་ལས་དོ་ ༥ གསར་བསྐོ་བྱ་རྒྱུའི་དགོས་ངེས་ཆ་རྐྱེན།
༡། ཤེས་ཚད། ཉུང་མཐར་ཚད་ལྡན་མཐོ་སློབ་ཞིག་ནས་རྩིས་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ (B.Com)ཐོན་པའམ། དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཡོད་པ།
༢། ལོ་ཚད། ༢༠༡༥།༠༢།༡༩ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༣། རྒྱུགས་གཞི། བོད་ཡིག་དང། ཨིན་ཡིག ཞིབ་ཕྲའི་རྩིས་ཀྱི་ལམ་ལུགས་བཅས་སློབ་ཚན་གསུམ་ཐོག་འབྲི་རྒྱུགས་དང། བོད་སྐད་དང། ཨིན་སྐད་གཉིས་ཐོག་ངག་རྒྱུགས་ལེན་རྒྱུ།
ག༽ དམིགས་བཀར་ས་མིག
ག ༌༌ ༡༽ ཕྱི་དྲིལ་ལས་ཁུངས་ཀྱི་ཡིག་བསྒྱུར་དང་དཔར་བསྐྲུན་ཚན་པའི་ཆེད་འགན་འཛིན་དམིགས་བཀར་ལས་བྱེད་དྲུང་གཞོན་གནས་རིམ་ཐོག་ས་མིག ༡ ཡོད་པའི་དགོས་ངེས་ཆ་རྐྱེན།
༡། ལས་འགན། འབྲེལ་ཡོད་ཚན་པའི་འགན་འཛིན་གྱི་འགན་འཁུར།
༢། ཤེས་མྱོང་། ཚད་ལྡན་མཐོ་སློབ་ཞིག་ནས་བོད་ཨིན་ཤེས་ཚད་ཉུང་མཐར་གཙུག་ལག་རབ་འབྱམས་པ་ (M.A)ཐོན་པའམ། དེ་དང་མཉམས་པའི་ཤེས་ཚད་ལག་འཁྱེར་ཡོད་ཐོག་བོད་ཨིན་ཡིག་བསྒྱུར་དང་འབྲེལ་བའི་ཐོག་ཉུང་མཐར་ལོ་ ༥ ཉམས་མྱོང་ཡོད་པ།
༣། ལོ་ཚད། ༢༠༡༦།༠༢།༡༩ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༣༥ ལས་མ་བརྒལ་བ།
༤། རྒྱུགས་གཞི། བོད་ཡིག་དང། ཨིན་ཡིག་གཉིས་ཀྱི་འབྲི་རྒྱུགས་དང། བོད་སྐད་དང། ཨིན་སྐད་ངག་རྒྱུགས་ལེན་རྒྱུ།
ག ༌༌ ༢༽ ཤེས་རིག་ལས་ཁུངས་ཆེད་སྡེ་འགན་གནས་རིམ་དུ་དམིགས་བཀར་ལས་བྱེད་ས་སྟོང་ ༥ ཡོད་པའི་དགོས་ངེས་ཆ་རྐྱེན།
ཀ༽ སྤྱི་ཡོངས་དགོས་མཁོའི་ཆ་རྐྱེན།
༡། གནས་རིམ། སྡེ་ཚན་འགན་འཛིན།
༢། ཤེས་ཚད། ཉུང་མཐར་མཐོ་སློབ་ཐོན་པའི་ལག་འཁྱེར་ཚད་ལྡན་ཡོད་པ།
༣། ལོ་ཚད། ༢༠༡༦།༠༢།༡༩ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ།
༤། རྒྱུགས་གཞི། བོད་ཡིག་དང། ཨིན་ཡིག་གཉིས་ཀྱི་འབྲི་རྒྱུགས་དང། བོད་སྐད་དང། ཨིན་སྐད་ངག་རྒྱུགས་ལེན་རྒྱུ།
གོང་གསལ་ཤེས་རིག་ལས་ཁུངས་ཀྱི་སྡེ་འགན་དམིགས་བཀར་ས་མིག་ ༥ རྣམས་གཤམ་གསལ་སྡེ་ཚན་སོ་སོར་དམིགས་བསལ་ཆ་རྐྱེན་དགོས་མཁོ་གཤམ་གསལ།
༡༽ ཚན་རིག་སློབ་དེབ་རྩོམ་སྒྲིག་པ་ ༡ དགོས་པའི་ཆ་རྐྱེན་གཤམ་གསལ།
༡། ངོས་འཛིན་ཡོད་པའི་མཐོ་སློབ་ནས་ཉུང་མཐར་ B.Sc./BCA སློབ་ཐོན་ལག་འཁྱེར་ཡོད་པ།
༢། བོད་ཨིན་གཉིས་ཀྱི་ཤེས་ཚད་རང་རྐྱ་འཕེར་བ།
༣། ཀམ་སྤུ་ཊར་ཤེས་ཚད་གང་ལེགས་ཡོད་པ།
༤། དེབ་གཟུགས་ཇུས་འགོད་དང་། རྩོམ་སྒྲིག་དང་རྩོམ་སྒྱུར་གྱི་ཉམས་མྱོང་ཡོད་རིགས་ལ་དགའ་འདེམས་བྱུ་རྒྱུ།
༢༽ སྤྱི་ཚོགས་ཚན་རིག་སློབ་དེབ་རྩོམ་སྒྲིག་པ་ ༡ དགོས་མཁོའི་ཆ་རྐྱེན་གཤམ་གསལ།
༡། ངོས་འཛིན་ཡོད་པའི་མཐོ་སློབ་ནས་ཉུང་མཐར་ B.A སློབ་ཐོན་ལག་འཁྱེར་ཡོད་པ།
༢། བོད་ཨིན་གཉིས་ཀྱི་ཤེས་ཚད་རང་རྐྱ་འཕེར་བ།
༣། ཀམ་སྤུ་ཊར་ཤེས་ཚད་གང་ལེགས་ཡོད་པ།
༤། དེབ་གཟུགས་ཇུས་འགོད་དང་། རྩོམ་སྒྲིག་དང་། རྩོམ་སྒྱུར་གྱི་ཉམས་མྱོང་ཡོད་རིགས་ལ་དགའ་འདེམས་བྱ་རྒྱུ།
༣༽ བརྡ་ཆད་གཏན་འབེབས་ཚན་པར་ལས་བྱེད་གྲངས་ ༣ དགོས་པའི་ཆ་རྐྱེན་གཤམ་གསལ།
༡། དམའ་མཐར་ཉེ་བའི་གཙུག་ལག་རབ་འབྱམས་པ་ B.A སློབ་ཐོན་ནམ། དེ་དང་ཚད་མཉམ་པའི་ལག་འཁྱེར་ཡོད་པ།
༢། བོད་ཡིག་དང་ཨིན་ཡིག་རང་རྐྱ་འཕེར་ངེས་ཐོག་ཧིན་དི་དང་རྒྱ་སྐད་གང་རུང་ཅུང་ཟད་ཤེས་པ།
༣། དེ་སྔ་ཚིག་མཛོད་རྩོམ་སྒྲིག་དང། ཐ་སྙད་གསར་བཟོ། སྐད་ཡིག་གཞན་ནས་བོད་སྐད་དུ་ཕབ་སྒྱུར་གྱི་ཉམས་མྱོང་ཡོད་རིགས་ལ་དགའ་འདེམས་བྱུ་རྒྱུ།
ང་༽ ཁྱད་ལས་པའི་ས་མིག
དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ (Tibetan Entrepreneurship Development TED) ཆེད་ཁྱད་ལས་པ་དྲུང་ལས་ ༡ གསར་བསྐོ་བྱ་རྒྱུའི་དགོས་ངེས་ཆ་རྐྱེན་གཤམ་གསལ།
༡། ཤེས་ཚད། ཚད་ལྡན་མཐོ་སློབ་ཞིག་ནས་ཚོང་འབྲེལ་སློབ་ཐོན་ (MBA) ལག་འཁྱེར་ཡོད་པ།
༢། ཉམས་མྱོང། ཚོང་ལས་པ་སྐྱེད་སྲིང་ལས་དོན་ཐོག་ཉུང་མཐར་ལོ་ ༢ རིང་ལས་ཀའི་ཉམས་མྱོང་ཡོད་པ།
༣། ལོ་ཚད། ༢༠༡༦།༠༢།༡༩ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ།
༤། རྒྱུགས་གཞི། ཆ་རྐྱེན་ཚང་བའི་མི་འགྲོ་རྣམས་ལ་ངག་རྒྱུགས་ཀྱི་ལམ་ནས་བསྐོ་གཞག་གནང་རྒྱུ་ཡིན།
གོང་གསལ་སྡེ་ཚན་དང་ས་མིག་གང་རུང་གཅིག་ལ་མ་གཏོགས་འཚང་སྙན་འབུལ་མི་ཆོག གནས་རིམ་སོ་སོའི་ཆེད་ཆ་རྐྱེན་ལྡན་རིགས་ནས་འདི་ག་ལས་ཁུངས་དང། ས་གནས་འགོ་འཛིན་ལས་ཁུངས། གཞུང་འབྲེལ་དྲ་རྒྱ་ (www.tibet.net) ནས་བོད་ཡིག་ཐོག་གཏན་འབེབས་ཡོད་པའི་འཚང་སྙན་འགེངས་ཤོག་བཏོན་སྟེ་དོན་ཚན་དོན་ཚན་རྣམས་འཚེམས་ལུས་མེད་པ་བཀང་ཟིན་རྗེས།
༡། རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༢ རེ་དང་།
༢། མཐའ་མའི་ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ (Marks Card & Degree Certificate) གྱི་ངོ་བཤུས།
༣། དྭང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༤། གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར་ (RC) ཤོག་གྲངས་དང་པོ་དང་། དུས་འགྱངས་ཞུས་པའི་མཐའ་མའི་ངོ་བཤུས།
༥། ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) ངོ་བཤུས།
༦། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོང་ (MC) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་། ས་རྟགས་འཁོད་པ་ངོ་མ།
༧། འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།
༨། གལ་སྲིད་ད་ལྟ་སྤྱི་སྒེར་གང་རུང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ (No Objection Letter) ངོ་མ་བཅས་མཉམ་འབུལ་དགོས། གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་(Attestation) ཞུས་ཏེ། ༢༠༡༦ ཟླ་ ༠༢ ཚེས་ ༡༩ ཉིན་རྒྱབ་ཚོུད་ ༥ པ་འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང་། ད་ལྟའི་སྡོད་གནས་སུ་འབྲེལ་བ་གནང་བདེའི་ཁ་བྱང་། ཁ་དཔར་ཨང་། གློག་འཕྲིན་ (E-Mail) སོགས་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འབྱོར་རིགས་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༥ ཟླ་ ༡༢ ཚེས་ ༢༤ ལ།།
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala – 176215
Distt. Kangra (H.P)
Tel: 01892-226240
Telefax: 01892-222328
E-mail: [email protected]