༢༠༡༥ ཟླ་ ༡༢ ཚེས་ ༩ རེས་གཟའ་ལྷག་པ།
བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤ་ཡ་དང་། ཨོ་སེ་ཀྲེ་ལེ་ཤེ་ཡ་ཁུལ་གྱི་སྔོན་འགྲོའི་འོས་གཞི་ནོར་བཅོས་གཤམ་གསལ།
ཨང་། | མིང་། | ཕ་ཡུལ། | ད་ལྟའི་སྡོད་གནས། | ད་ལྟའི་ལས་གནས། | འོས་ཐོབ་གྲངས། |
༡ | གདོང་འདུས་སྐྱིད་འཛོམས། | རྒྱལ་རྩེ། | སིཌ་ནི། | ཨོ་གླིང་བོད་དོན་ཁང་གི་དྲིལ་འགན། | ༡༦༧ |
༢ | དངོས་གྲུབ་རྒྱལ་མཚན། | སྤུ་ཧྲེང་། | ཀེན་སྦེ་ར། | གཞུང་ཞབས་ཟུར་པ། | ༡༥༠ |
༢ | ཁངས་གཉེར་ཚང་ཕུར་བུ་བཀྲིས། | སྨར་ཁམས། | སིཌ་ནི། | བོད་རིགས་ཚོགས་ཟུར། | ༩༡ |
༢ | * བརྩོན་འགྲུས་འོད་ཟེར། | མི་ཉག | སིཌ་ནི། | སིཌ་ནི་རྒྱུན་ལས། | ༦༣ |
* འདི་ནས་དགོངས་སེལ་དང་སྦྲགས་གསལ་བསྒྲགས་ཞུ་རྒྱུར། ༢༠༡༥།༡༢།༠༤ ཉིན་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤ་ཡ་དང་། ཨོ་སེ་ཀྲེ་ ལེ་ཤེ་ཡ་ཁུལ་གྱི་སྔོན་འགྲོའི་འོས་གཞིའི་ཁོངས་མི་འགྲོ་ཐུབ་བསྟན་དོན་གྲུབ་དྭང་བླངས་འོས་གཞིར་ཡོད་པར་བརྟེན་སྔོན་འགྲོའི་འོས་གཞིའི་ ཁོངས་ནས་ཕྱིར་བཏོན་བྱས་པའི་ཚབ་ཏུ་འོས་ཐོབ་ཨང་རིམ་བརྩེ་བཏོག་ཨང་ ༥ པ་བརྩོན་འགྲུས་འོད་ཟེར་སྔོན་འགྲོའི་འོས་གཞིའི་ཁོངས་ཨང་ ༤ པར་ཁུངས་བཅུག་གསལ་བསྒྲགས་གཏན་འབེབས་ཞུས་ཡོད་པས་གོང་གསལ་ལྟར་རྩ་འཛིན་དགོས་རྒྱུ་དང་། དེ་སྔའི་དེ་འབྲེལ་སྔོན་འགྲོའི་ འོས་གཞི་གསལ་བསྒྲགས་བྱས་པ་རྩིས་མེད་ཞུ་རྒྱུ་དང་། དེ་དོན་འབྲེལ་ཆགས་ཚང་མས་ཡིག་ཆར་ནོར་བཅོས་འཕྲལ་གནང་ཡོང་ བ་ཞུ་རྒྱུའི་འབོད་སྐུལ་དུ། དབུས་འོས་བསྡུ་ལས་ཁང་ནས་ ༢༠༡༥ ཟླ་ ༡༢ ཚེས་ ༩ ལ།།