༢༠༡༥ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ཕུར་བུ།
༄༅། །རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་ (NCERT) ནས་ལོ་ལྟར་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་ཆེད་དམིགས་བསལ་ (B.Sc B.Ed) ཟུར་བཅད་ཞབས་སྟེགས་བཞི་གནང་མུས་སོང༌། ཞུགས་བློ་ཡོད་པའི་སློབ་ཕྲུག་ཡོངས་ནས་ངེས་པར་དུ་(NCERT) གོ་སྒྲིག་འོག་ Common Entrance Examination (CEE) ཞེས་པའི་ཚུད་རྒྱུགས་ནང་འགྲན་ཞུགས་གནང་དགོས་པ་དང༌། དེ་མཚུངས་གོང་གསལ་ཚུད་རྒྱུགས་ཆེད་དྲྭ་ཚིགས་ http://ncert.nic.in/ ཡང་ན་ http://rieajmer.raj.nic.in/Home/HomePage.aspx# བརྒྱུད་ནས་སྐབས་འཚམས་དེབ་འགོད་གནང་དགོས་པ་ལམ་སྟོན་ཞུ་རྒྱུ། དེ་འབྲེལ་སློབ་ཕྲུག་དེ་ཉིད་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་སྐབས་ཉུང་མཐའ་བརྒྱ་ཆ་ ༦༠ ངེས་དཔར་ལེན་དགོས་པ་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༣༡ ལ།།