༢༠༡༥ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཏང་གནས་ནང་འཁོད་དོན། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཕྱི་ལོ་ ༢༠༡༥།༡༢།༡༡ ནས་ལས་ཞབས་རྩ་དགོངས་བཀའ་འཁྲོལ་བསྩལ་ཐོན་བྱུང་བ་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་དྲུང་བཀྲིས་རྒྱ་མཚོ་ལགས་དང། དྲུང་ལས་རིན་ཆེན་བཟང་མོ། རྩིས་པ་འཇིགས་མེད་ཆོས་སྒྲོན་གསུམ་རྡ་ས་ནས་ཕྱི་ལོ་ ༢༠༡༥།༡༢།༦ ཉིན་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་དུ་ཆེད་བསྐྱོད་ཀྱིས། འཁྱུར་ཉེའི་ཁྲིམས་ཞིབ་པའི་རྩིས་སྤྲོད་ལེན་གྱི་སྤྲོད་དཔང་བྱེད་སྒོ་དང་སྟབས་བསྟུན་ས་གནས་ཁྲིམས་ཞིབ་ཁང་གི་སྤྱི་ཡོངས་དངོས་ཟོག་གནས་སྟངས་ལ་ཚང་བཤེར་བྱས་ཏེ་ལས་འགན་གྲུབ་མཚམས་ཁོང་རྣམས་ཕྱི་ལོ་ ༢༠༡༥།༡༢།༡༠ ཉིན་བཞུགས་སྒར་དུ་ཕེབས་འབྱོར་བྱུང་ཡོད་པ་བཅས།།