༢༠༡༥ ཟླ་ ༡༡ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༤ ནས་ ༢༥ བར་གོ་ཝར་ Goa རྒྱ་གར་ཉམས་ཞིབ་བསྟི་གནས་ཁང་ India Foundation གིས་གོ་སྒྲིག་གནང་བའི་རིག་གནས་འདྲ་མིན་གྱི་ཁྱད་མཁས་མི་སྣའི་ལྷན་ཚོགས་སུ་ 2nd India Ideas Conclave 2015 མཉམ་ཞུགས་ཀྱིས་གསུང་བཤད་གནང་རྒྱུ་དང་། དེ་བཞིན་རྒྱ་གར་དབུས་གཞུང་གི་ཤེས་རིག་དྲུང་ཆེ་མཆོག་དང་ལྷན་མཇལ་འཕྲད་གནང་རྒྱུ། དེ་རྗེས་ཁེ་ན་ཌའི་གྲོང་ཁྱེར་ཧེ་ལི་ཕེཀསི་ Halifax རུ་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཞེས་པའི་ལྷན་ཚོགས་ཐེངས་བདུན་པར་ 7th Halifax International Security Forum མཉམ་ཞུགས་དང་གསུང་བཤད་གནང་རྒྱུ་སོགས་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།།