༢༠༡༥ ཟླ་ ༡༡ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢ ཉིན་གྱི་རྒྱ་གར་བྱང་ཤར་ཨ་སམ་མངའ་ཁུལ་གྱི་གསར་ཤོག་ཁག་མང་པོའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པའི་གནས་ཚུལ་མང་པོ་ཞིག་ཉིན་རེའི་གསར་ལམ་བརྒྱུད་དྲིལ་བསྒྲགས་རྒྱ་ཆེ་བྱུང་འདུག
དེ་ཡང་ཨ་སམ་མངའ་ཁུལ་གྱི་དབྱིན་ཡིག་དང་ཧིན་རྡི། བྷེང་གྷལ། ཨ་སམ་བཅས་ཀྱི་སྐད་ཡིག་ནང་འདོན་སྤེལ་བྱེད་བཞིན་པའི་ཉིན་རེའི་གསར་ཤོག The Assam Tribune, The Telegraph, The Sentinel, Aami Janagan, Janasadharan, Dainikpurvoday བཅས་ཀྱི་ནང་ཚོགས་ཆེན་ཐེངས་ལྔ་པའི་སྐོར་པར་རིགས་ཀྱི་ལམ་ནས་གནས་ཚུལ་གསལ་སྟོན་བྱས་པ་ཁག་གཅིག་དང་། དེ་བཞིན་པར་རིགས་དང་གནས་ཚུལ་སོགས་གསལ་བར་བཀོད་པ་མང་པོ་ཞིག་འདོན་སྤེལ་བྱུང་འདུག་པ་དང་། ལྷག་པར་ཨ་སམ་ཊི་བུན་ནང་ The Assam Tribune གསར་འགོད་པ་རུ་པམ་བྷ་རུཝ་ Rupam Barua ལགས་ཀྱིས་བོད་ནི་རྒྱ་གར་གྱི་ཁྱིམ་མཚེས་ངོ་མ་དེ་ཡིན། ཞེས་ཨིན་ཡིག་ནང་འཁོད་པའི་རྩོམ་ཡིག་ཅིག་ཀྱང་སྤེལ་གནང་འདུག གསར་ཤོག་དེ་དག་བརྒྱུད་བོད་དོན་སྐོར་དྲིལ་བསྒྲགས་དང་མང་ཚོགས་ལ་གོ་རྟོགས་རྒྱ་ཁྱབ་བྱུང་བའི་ཚོད་དཔག་བྱེད་ཐུབ་པ་བྱུང་འདུག