༢༠༡༥ ཟླ་ ༡༠ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་པོལ་ར་ཡེན་ Paul Ryan མཆོག་ཉེ་ལམ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བསྐོ་གཞག་བྱུང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༣༠ ཉིན་དགའ་བསུའི་འཚམས་འདྲི་ཞུས་པའི་ནང་འཁོད་དོན། སྐུ་ཉིད་མཆོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བསྐོ་བཞག་བྱུང་བར་ངས་བོད་མི་ཡོངས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་སྦྲགས། ང་ཚོས་སྐུ་ཉིད་ཆོག་གི་ལས་དོན་གང་ཅིའི་ཐད་བྱ་བ་ལམ་ལྷོང་དང་བསམ་དོན་ལྷུན་གྱི་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཨ་རིའི་གཞུང་མང་གཉིས་ཀྱིས་བོད་དོན་ཐོག་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་གནང་དང་གནང་མུས་ལ་ང་ཚོས་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་མ་ཟད། ཡུན་རིང་ལུས་པའི་བོད་ཀྱི་གནད་དོན་གསལ་ཆེད་ཕུགས་རྒྱང་རིང་པོའི་ཐབས་ལམ་ཞིག་མ་བརྙེད་བར་རྒྱབ་སྐྱོར་དེ་མུ་མཐུད་རྒྱུའི་རེ་བ་ཞུ་བཞིན་ཡོད། ཅེས་འཁོད་འདུག