༢༠༡༥ ཟླ་ ༡༠ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་རྒྱ་གར་མདྱཱ་པར་དེ་ཤིའི་མངའ་སྡེའི་གྲོང་ཁྱེར་ཨིན་དོར་ནང་སུད་ཚོང་བོད་མི་རྣམས་ཀྱིས་མགྲོན་འབོད་ལྟར་དེ་ཉིན་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་ཁུལ་དེར་ཕེབས་ནས་བོད་མི་རྣམས་ལ་གསུང་བཤད་གནང་འདུག
དེ་རྗེས་ཕྱི་ཚེས་ ༢༦ ཉིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གྲོང་ཁྱེར་ཨིན་ཌོར་ནང་དུ་ Indore city ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མིའི་བདེ་དོན་གོང་མཐོར་གཏོང་ཐབས་སྐོརགྱི་ལྷན་ཚོགས་སུ་མཉམ་ཞུགས་ཀྱིས་གསུང་བཤད་གནང་ཡོད་འདུག ལྷན་ཚོགས་གོ་སྒྲིག་གནང་མཁན་མདྱཱ་པར་དེ་ཤིའི་མངའ་སྡེའི་རིག་གཞུང་སྲུང་སྐྱོབ་ལས་ཁུངས་དང་།
སན་ཅི་ནང་པའི་མཐོ་སློབ། Sanchi University of Buddhist-Indic Studiesདེ་བཞིན་ཆོས་ལུགས་དང་སྤྱི་ཚོགས་ཉམས་ཞིབ་བསྟི་གནས་ཁང་ Centre for Study of Religion & Society, India Foundation བཅས་ཡིན་འདུག ཕྱི་ཚེས་ ༢༧ ཉིན་སྲིད་སྐྱོང་མཆོག་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།