༢༠༡༥ ཟླ་ ༡༠ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༣༡ ཕྱི་དྲོ་ནས་ཕྱི་ཟླ་ ༡༡ ཚེས་ ༣ སྔ་དྲོ་བར་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་རྒྱལ་ས་གོ་ཧ་ཊིར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པའི་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་རྒྱུ་ཡིན་འདུག