༢༠༡༥ ཟླ་ ༡༠ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་ཨ་རིའི་སེ་ལི་སི་བྷུ་རུ་གཙུག་ལག་སློབ་ཁང་གིས་གསེར་གྱི་རྟགས་མ་ཕུལ་བར་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་མཆོད་དཔོན་སྐུ་ཞབས་ཌེ་སི་མོན་ཊུ་ཊུ་Archbishop Desmond Tutu མཆོག་གིས་སྲིད་སྐྱོང་མཆོག་ལ་དགའ་བསུའི་གསུང་འཕྲིན་གནང་ཡོད་པའི་ནང་འཁོད་དོན།
དེང་སྐབས་འཁྲུག་འཛིང་དང་འཚེ་བའི་བྱ་སྤྱོད་སྤེལ་བཞིན་པར་བརྟེན། སྤྱི་ཚོགས་ནང་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་གནས་སྟངས་འོག ཞི་བདེ་དང་བཟོད་བསྲན་གྱི་ཁོར་ཡུག་གོང་མཐོར་བཏང་བའི་བྱས་རྗེས་ལ་ངོས་འཛིན་ཞུ་ཆེད་ཐེངས་འདིར་སྐུ་ཉིད་ལ་སེ་ལི་སི་བྷུ་རི་གཙུག་ལག་སློབ་གཉེར་ཁང་གིས་Presidential Medalརྟགས་མ་འབུལ་ལམ་ཞུས་པ་དེར་དགའ་བསུའི་འཚམས་འདྲིའི་ཡིག་ཐུང་འདི་འདྲ་ཞིག་འབྲི་རྒྱུ་བྱུང་བར་ང་རང་ཧ་ཅང་དགའ་པོ་བྱུང་། དམག་འཁྲུག་དང་འཁྲུག་རྩོད་ལ་བརྟེན་ནས་རང་ཡུལ་ནས་གཞན་ཡུལ་དུ་བྲོས་བྱོལ་ལ་འགྲོ་མཁན་ཉིན་རེ་བཞིན་མང་དུ་འགྲོ་བཞིན་པ་དེར་འཛམ་གླིང་མི་མང་ཚོ་ཧང་སང་བཞིན་ཡོད། འཛམ་གླིང་ནང་ཞི་བདེ་དང་འཆམ་མཐུན་གྱི་ཁོར་ཡུག་སྐྲུན་མཁན་སྐུ་ཉིད་ལྟ་བུ་དགོས་མཁོ་ཆེན་པོ་ཡོད། ཅེས་འཁོད་ཡོད།།