༢༠༡༥ ཟླ་ ༡༠ ཚེས་ ༡༨ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༨ རེས་གཟའ་ཉི་མའི་ཉིན་རྒྱ་བལ་འབྲུག་གསུམ་སོགས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བཙན་བྱོལ་བོད་མི་ལོ་ན་བཅོ་བརྒྱད་ཡན་གྱིས་སྲིད་སྐྱོང་དང་སྐབས་ ༡༦ པའི་སྤྱི་འཐུས་ཀྱི་འོས་འདེམས་ཆེད་སྔོན་འགྲོའི་འོས་ཤོག་འཕངས་ཡོད། དེ་ཡང་བཞུགས་སྒར་རྡ་ས་ཁུལ་གྱི་བོད་མི་རང་ལོ་ ༡༨ སོན་པ་ཡན་གྱིས་གོང་ཚེས་ཉིན་སྔོན་འགྲོའི་འོས་ཤོག་འཕེན་རྒྱུ་དུས་ཚོད་གཏན་འབེབས་ཀྱི་གསལ་བསྒྲགས་སྔོན་སོང་ལྟར། ཐེག་ཆེན་ཆོས་གླིང་གཙུང་ལག་ཁང་དང་། གངས་སྐྱིད་ཐང་། རྡ་སྟེང་བོད་ཁྱིམ། བཙུན་དགོན་ཤུག་གསེབ། ས་རཱ་བོད་ཀྱི་མཐོ་སློབ་ཁང་། ཤེས་རབ་དགའ་ཚལ་སློབ་གླིང་། ནོར་གླིང་རིག་གཞུང་གཅེས་
སྐྱོང་ཁང་། རྒྱུད་སྟོད་གྲྭ་ཚང་། རྡ་ཤོད་བོད་ཁྱིམ། གོ་པལ་པུར་བོད་ཁྱིམ་བཅས་ས་ཚིགས་སོ་སོར་ཚ་ཚ་འུར་འུར་གྱིས་འོས་འཕེན་ཡོད་པ་བཅས།།