༢༠༡༥ ཟླ་ ༡༠ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ནང་བལ་ཡུལ་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད། དེ་ཡང་ཕྱི་ལོ་ ༢༠༡༥ ལོའི་བལ་ཡུལ་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་ནང་རྣམ་རྒྱལ་མཐོ་སློབ་ཐེ་བའི་བོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་གྲངས་ ༥༡ ནས་དངོས་སུ་འཛུལ་ཞུགས་བྱས་པ་ཆ་ཚང་ཡིག་རྒྱུགས་འཕྲོད་འདུག ཡིག་རྒྱུགས་ནང་རྩེ་ཕུད་ལོན་མཁན་བོད་རིགས་སློབ་ཕྲུག་གསུམ་བྱུང་བ་རྣམས་ནི།
༡།ཚེ་རིང་སྒྲོལ་མ། བརྒྱ་ཆ་། ༧༥།༨༩
༢།ཚེ་རིང་དབང་མོ་གུ་རུ། བརྒྱ་ཆ། ༧༡།༥༠
༣། བསོད་ནམས་བུ་འཁྲིད། བརྒྱ་ཆ། ༧༠།༤༧
འདི་ལོར་བལ་ཡུལ་ནང་ས་ཡོམ་གྱི་གོད་ཆག་དང་ཆབ་སྲིད་ཀྱི་འཕོ་འགྱུར་སོགས་དཀའ་ངལ་ཧ་ཅང་འཕྲད་མིན་ལ་མ་ལྟོས་པར་བོད་པའི་སློབ་ཕྲུག་རྣམས་ཀྱིས་བལ་ཡུལ་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་ནང་གྲུབ་འབྲས་ཡག་པོ་ཐོན་ཡོད། རྣམ་རྒྱལ་མཐོ་སློབ་ཀྱི་རྒྱུགས་འཕྲོད་མཁན་སློབ་མའི་བརྒྱ་ཆ་དེ་བརྒྱ་ཆ་བརྒྱ་ཐམ་པ་ཡིན་འདུག
འདི་ལོའི་བལ་ཡུལ་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་ནང་རྣམ་རྒྱལ་མཐོ་སློབ་ཀྱི་སློབ་ཕྲུག་རྣམས་ནས་ཡིག་རྒྱུགས་གྲུབ་འབྲས་ལེགས་པོ་བྱུང་བར། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་དེ་གའི་དགེ་ལས་སློབ་ཕྲུག་ཡོངས་ལ་འཚམས་འདྲི་དང་བསྔགས་བརྗོད་གནང་འདུག །