༼ཛ་དྲག༽
༄༅། །ལྷོ་ཀོ་རི་ཡའི་རྡོང་རྒུག་གཙུག་ལག་སློབ་ཁང་ནས་ (Dongguk University, South Korea) བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་གཅིག་ལ་ལོ་གཅིག་རིང་ཀོ་རི་ཡའི་སྐད་ཡིག་སྦྱོང་བརྡར་དང༌། སྐད་ཡིག་གི་རྨང་གཞི་ཚད་ལྡན་བྱུང་ན་མུ་མཐུད་ལོ་བཞིའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་(Undergraduate) སློབ་སྦྱོང་ཆེད་སློབ་ཡོན་གནང་རྒྱུའི་ཞལ་བཞེས་བྱུང་དོན་ལྟར། སློབ་སྦྱོང་བྱ་བློ་བཅོས་མིན་ཡོད་རིགས་སློབ་ཡོན་འདིའི་ཁོངས་འཛུལ་ཞུགས་ཆོག་པས། གཞི་རིམ་ཆ་རྐྱེན་ཚང་བའི་སྙན་འབུལ་བ་རྣམས་ལ་བོད་ཨིན་འབྲི་རྒྱུགས་དང་ངག་རྒྱུགས་གཏོང་ཆེད་བརྡ་ལན་ཟུར་དུ་གཏོང་རྒྱུ་ཡིན། ཚུད་རྒྱུགས་ཀྱི་ལམ་ནས་བརྒྱ་ཆ་རྩེ་བཏོག་གིས་སློབ་ཕྲུག་འདེམས་སྒྲུག་བྱ་རྒྱུ་དང་འདེམས་ཐོན་སློབ་ཕྲུག་ནས་ཟུར་དུ་གོང་གསལ་མཐོ་སློབ་ཁང་གི་འགེངས་ཤོག་འགེངས་དགོས་རྒྱུ་བཅས་ཡིན་ན། འདོད་དབྱིངས་ཡོད་པ་རྣམས་ནས་སྙན་ཞུ་དང་མཉམ་དུ་སོ་སོའི་གཤམ་གསལ་དགོས་མཁོའི་ཡིག་ཆ་ཁག་ཆད་ལུས་མེད་པ་ཤེས་རིག་ལས་ཁུངས་སུ་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༡ འགྱངས་མེད་འབུལ་དགོས།
ཀ༽ དགོས་ངེས་ཆ་རྐྱེན།
༡། ཕྱི་ལོ་ ༢༠༡༥ ལོར་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་ཞིག་ཡིན་ལ་རྒྱུགས་འབྲས་ཉུང་མཐར་བརྒྱ་ཆ་ ༦༠ ལོན་པ། སློབ་ཚན་ཞིབ་ཕྲ་མཐོ་སློབ་ཀྱི་དྲྭ་རྒྱ་ http://www.dongguk.edu/mbs/en/ ལ་ལྟ་ཞིབ་དགོས།
༢། འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་ (Marks Card) དང་རྒྱུགས་འཕྲོད་ལག་འཁྱེར་(Pass Certificate) ངེས་འབུལ་དགོས།
༤། དོ་བདག་གི་དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༥ ཟླ་ ༡༢ བར་གཙང་ཕུལ་ཟིན་པའི་ལག་དེབ་དང༌། རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་བཅས་ཀྱི་ངོ་བཤུས།
༥། སྙན་འབུལ་བ་རང་ཉིད་བལ་ཡུལ་དང་འབྲུག་ཁུལ་ནས་ཡིན་ན་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པའི་ས་གནས་རང་བདེན་ཚོགས་ཆུང་གི་ངོ་སྤྲོད་རྒྱབ་གཉེར་ཐོག་ས་གནས་འགོ་འཛིན་ནས་ཞིབ་འཇུག་གིས་ངོས་སྦྱོར་ཡིག་ཆ་ངེས་པར་དུ་འབུལ་དགོས།
༦། རང་ཉིད་ཀྱི་ངོ་སྤྲོད་སྙིང་བསྡུས་ཤིག་(Applicant’s Resume) ཨིན་ཡིག་ཐོག་བྲིས་ཏེ་མཉམ་འབུལ་དགོས་རྒྱུ།
༧། དོ་བདག་གི་ལོ་རྒྱུས་སྙིང་བསྡུས་ཤིག་(Statement of Purpose) ཨིན་ཡིག་ཐོག་འབུལ་དགོས་པ་དང༌། དེའི་ནང་སོ་སོའི་སློབ་སྦྱོང་གི་དམིགས་ཡུལ་དང་འཆར་གཞི་བཅས་ཁ་གསལ་འཁོད་པ་འབུལ་དགོས།
༨། རྒྱབ་གཉེར་ཡི་གེ་ཨིན་ཡིག་ཐོགཞིག་ (Letter of Recommendation) རང་གི་འབྲེལ་ཡོད་སློབ་གྲྭའམ། མཐོ་སློབ། སློབ་སྤྱི་གང་རུང་ནས་ཞུས་ཏེ་འབུལ་དགོས།
༩། རང་ཉིད་ཀྱི་ཕྱེད་དཔར་རྒྱབ་གཞི་དཀར་པོ་ཡིན་པ་ ༣ མཉམ་འབུལ་དགོས།
༡༠། དོ་བདག་གི་ཕྱི་བསྐྱོད་ལག་འཁྱེར་སེར་པོའི་ (Valid IC) ངོ་བཤུས་མཉམ་འབུལ་དགོས། ཕྱི་ལོ་ ༢༠༡༦ ཟླ་ ༢ པའི་ནང་མཐོ་སློབ་ཏུ་བསྐྱོད་དགོས།
༡༡། ངོས་འཛིན་ཡོད་པའི་གསོ་བ་རིག་པའི་སྨན་པའམ། དེབ་སྐྱེལ་ཡོད་པའི་ཕྱི་ལུགས་སྨན་པ་གང་རུང་ཞིག་ནས་གཟུགས་ཁམས་བདེ་ཐང་ཡིན་པའི་བདེན་དཔང་ཡི་གེ་ཞུ་འབུལ་དགོས།
ཁ༽ ཐུགས་སྣང་དགོས་གལ་ཁག
༡། སློབ་ཕྲུག་གང་ཞིག་ཤེས་རིག་ལས་ཁུངས་ནས་སྨན་པ་རྒྱསྐྱསྐྱྔདང་བཟོ་སྐྲུན་རིག་གནས་ཁྱརྣཐྲཐྲ་སོགས་ཀྱི་ཟུར་བཅད་ཞབས་སྟེགས་ཐོག་འདེམས་སྒྲུག་བྱུང་སྟེ་མཐོ་སློབ་འགྲིམ་བཞིན་པ་ཡིན་ཚེ་སློབ་ཡོན་འདིའི་ཁོངས་འཛུལ་ཞུགས་མི་ཆོག
༢། སློབ་སྦྱོང་གི་དུས་ཡུན་རིང་གཙུག་ལག་སློབ་ཁང་ནས་སློབ་ཡོན་དང་འཚོ་དོད། ཁང་དོད་དང་ཟས་དོད། གནང་རྒྱུའི་ཞལ་བཞེས་ཡོད། གནམ་གླ་སོ་སོ་རང་ཉིད་ནས་འགན་འཁུར་དགོས་རྒྱུ།
༣། འདི་ནས་དོ་བདག་སོ་སོར་འབྲེལ་མཐུད་སླད་འཚང་སྙན་ནང་གནས་འབྲེལ་བྱ་ཡུལ་ཁ་བྱང་དང༌། ཨི་མེལ། ཁ་པར་ཨང་གྲངས་བཅས་པ་ཁ་གསལ་འགོད་དགོས།
༥། འདེམས་སྒྲུགས་དང་འབྲེལ་བའི་འགྲོ་གྲོན་ཆ་ཚང་སློབ་གཉེར་བ་རང་ངོས་ནས་རྒྱགས་རང་འཁུར་བྱ་དགོས།
༦། འཚང་སྙན་མཉམ་དུ་གནས་འབྲེལ་སྦྲག་གླ་སོགས་ཀྱི་ཆེད་ཧིན་སྒོར་ ༡༥༠ འབུལ་དགོས།
༧། སློབ་ཡོན་ཐད་དོགས་འདྲི་ཡོད་རིགས་གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་གནང་འཐུས་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༨ ལ།།
Secretary
Department of Education CTA
Gangchen Kyishong
Dharamsala – 176 215
Dist. Kangra, H.P.
Ph: 01892 – 226695, 222572, 222721
Fax: 01892- 223481
Email: [email protected]
Website: www.sherig.org or www.sherig.org/tb