ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ཟླ་བ།
༼ཛ་དྲག༽
༄༅། །འདི་གར་ཤེས་རིག་ལས་ཁུངས་ཀྱིས་བཏང་གནས་ནང་འཁོད་དོན། ཨ་རི་རོགས་ཚོགས་ Global Leadership Incubator (GLI) ནས་འདི་ལོ་ཡང་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་ཆེད་ཨ་རི་སྙན་གྲགས་ཆེ་བའི་སློབ་གཉེར་ཁང་དུ་ཉེ་བའི་གཙུག་ལག་རབ་འབྱམས་པའི་(Undergraduate) སློབ་སྦྱོང་ཆེད་སློབ་ཡོན་གནང་རྒྱུའི་ཞལ་བཞེས་བྱུང་དོན་ལྟར། སློབ་སྦྱོང་བྱ་བློ་ཡོད་རིགས་ནས་ ༢༠༡༥ ཟླ་ ༡༡ ཚེས་ ༢༣ འགྱངས་མེད་གཤམ་གསལ་དགོས་མཁོའི་ཡིག་ཆ་ངོ་བཤུས་སྟེང་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་གྱི་གཞུང་ཞབས་གང་རུང་གིས་འགན་ལེན་དག་མཆན་བཀོད་དེ་འཚང་སྙན་མཉམ་འབུལ་ཞུ་དགོས།
ཀ༽ དགོས་ངེས་ཆ་རྐྱེན།
༡། ཕྱི་ལོ་ ༢༠༡༥ ལོར་འཛིན་རིམ་བཅིུས་ཐོན་པའི་སློབ་ཕྲུག་ཞིག་ཡིན་ལ་རྒྱུགས་འབྲས་ཉུང་མཐར་བརྒྱ་ཆ་ ༧༥ ལོན་ པའི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་ (Marks Card)
༢། དོ་བདག་གི་དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༥ ཟླ་ ༡༢ བར་གཙང་ཕུལ་ཟིན་པའི་ལག་དེབ་དང༌། རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་(RC) བཅས་ཀྱི་ངོ་བཤུས།
གཞི་རིམ་ཆ་རྐྱེན་ཚང་བའི་སྙན་འབུལ་བ་རྣམས་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༩ ཉིན་ལྡི་ལི་དང་སྦེང་ལོར་ས་གནས་གཉིས་ལ་ TOEFL Diagnostic test འབྲི་རྒྱུགས་གཏོང་གཏན་འཁེལ་ཡོད་པ་ལྟར། སྙན་འབུལ་བ་ཡོངས་ནས་སོ་སོར་ TOEFL Diagnostic test འབྲི་རྒྱུགས་གཏོང་འཆར་ས་གནས་དང༌། དོ་བདག་གི་ཁ་བྱང༌། ཨི་མེལ། ཁ་པར་ཨང་གྲངས་བཅས་པ་སྙན་ཞུ་ནང་ཁ་གསལ་འགོད་དགོས། གོང་གསལ་ TOEFL Diagnostic test ནང་ཉུང་མཐའ་ཨང་ ༡༠༠ ལོན་པའི་སློབ་ཕྲུག་རྣམས་ལ་ངག་རྒྱུགས་ཆེད་ཟུར་དུ་བརྡ་ལན་གཏོང་རྒྱུ་ཡིན་པ་དང༌། འདེམས་སྒྲུག་ཞུས་པའི་སློབ་ཕྲུག་རང་ཉིད་ནས་རྗེས་སུ་ TOEFL ངོ་མ་གཏོང་དགོས་པའི་ཐོག་དེ་ནང་ཉུང་མཐའ་ཨང་ ༡༠༠ ལོན་དགོས་པའི་ཐོག་རང་ཉིད་ཀྱི་ལོ་རྒྱུས་སྙིང་བསྡུས་ Personal Statement འབུལ་དགོས་པ་བཅས་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༥ ལ།།
Secretary
Department of Education CTA
Gangchen Kyishong
Dharamsala – 176 215
Dist. Kangra,H.P.
Himachal Pradesh,H.P.
Ph: 01892 – 226695, 222572, 222721
Fax: 01892-223481
Email: [email protected]
Website: www.sherig.org/www.sherig.org/tb