ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། བོད་མདོ་སྨད་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོ་སྐར་དམར་སྡེ་བའི་ས་ཐོག་ཏུ་ས་གནས་གཞུང་གིས་འབྲོག་ས་གཞུང་ལ་སྤྲད་པ་ཡིན་ན་དངུལ་གྱི་གུན་གསབ་གང་ཙམ་སྤྲད་རྒྱུ་བྱས་ཏེ། འབྲོག་པའི་རྩྭ་ས་དེར་མེ་ཏོག་ལྡུམ་རྭ་བཟོ་རྒྱུའི་ལས་གཞི་ལ་ཁ་གཡར་ནས་འབྲོག་པའི་རྩྭ་ས་གཞུང་གིས་བཙན་འཕྲོག་བྱས་ཏེ་མེ་ཏོག་ལྡུམ་རྭ་བཟོ་རྒྱུའི་ཚབ་ཏུ་མི་སྒེར་ལ་བོགས་མར་བཏང་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༥ ཉིན་ས་བདག་འབྲོག་པ་རྣམས་ནས་རྔ་བ་ཁུལ་གྱི་ས་གནས་སྲིད་གཞུང་ལ་སྙན་ཞུ་ཡིག་ཆ་ཕུལ་བར་ས་གནས་གཞུང་གིས་གནད་དོན་ཞུ་གཏུགས་བྱས་པར་ཁྲིམས་འགལ་དུ་བརྩིས་པ་མ་ཟད། ཉེ་ཆར་ས་གནས་བོད་མི་རྣམས་ཀྱིས་གནད་དོན་ཐག་གཅོད་ཡོང་ཆེད་སླར་ཡང་ཞུ་གཏུགས་ཀྱིས་རང་རང་སོ་སོའི་ས་ཆ་བཟུང་ནས་བསྡད་ཡོད་པའི་སྐབས་སུ་ཕྱི་ཟླ་ ༩ ཚེས་ ༢༢ ཉིན་གློ་བུར་དུ་རྔ་པ་རྫོང་དང་མཛོད་དགེ་རྫོང་ནས་དྲག་ཆས་ཉེན་རྟོགས་པ་འབོར་ཆེན་ཡོང་སྟེ། གནས་ལུགས་རྒྱུ་མཚན་ཅི་ཡང་མ་བཤད་པར། མང་ཚོགས་ལ་གཅར་རྡུང་གང་བྱུང་བཏང་བ་དང་འབྲེལ། ཐང་སྐོར་རྐ་བར་མ་སྡེ་པའི་ཞུ་གཏུགས་པ་གཙོ་བོ་རྡོ་བྷེ་དང་། ཞི་ཕྲུག ཚེ་རིང་སྐྱབས། དཔའ་བཀྲ། ཚེ་རིང་བཀྲ་ཤིས། འཇིགས་བྱེད་སྐྱབས་དང་། ཚེ་དཔག བསོད་ནམས་རྒྱ་མཚོ། ཕུར་ཁོ། ཡེ་ཤེས་བཅས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད། འཚོ་སྐྱིད་ཞེས་པའི་བུ་མོ་གཅིག་ལ་གཅར་རྡུང་ཚབས་ཆེ་བཏང་རྗེས་གློད་བཀྲོལ་བཏང་ཡོད་འདུག
རྒྱ་ནག་གཞུང་གིས་མདོ་སྨད་མཛོད་དགེ་རྫོང་དུ་བོད་མི་བཅུ་གཅིག་འཛིན་བཟུང་བྱས་པ།
གསར་གནས།

འབྲེལ་གནས།
