ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་སྐུའི་འཕྲོད་བཞེས་བརྟག་དཔྱད་ཆེད་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། སྨན་པ་ཁག་གིས་བདུན་ཕྲག་རེ་ཟུང་སྐུ་ངལ་གསོ་དགོས་པའི་ལམ་སྟོན་ཕུལ་ཡོད་པར་བརྟེན། རིང་མིན་ཕྱི་ཟླ་ ༡༠ ནང་ཨ་རིའི་མཛད་འཆར་ཁག་ཕྱིར་འཐེན་གནང་རྒྱུ་ཐུགས་གཏན་འཁེལ་སོང་བས། མཛད་འཆར་ཁག་འགྱུར་བ་ཕྱིན་པའི་རྐྱེན་གྱིས་ཆིབས་སྒྱུར་གོ་སྒྲིག་ཞུ་མཁན་དང་། དད་ལྡན་མང་ཚོགས་ལ་བརྡབ་གསིག་བྱུང་བར་བཟོད་གསོལ་ཞུ་རྒྱུ་ཡིན། ཁྱེད་རྣམ་པས་མཁྱེན་རྟོགས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དགའ་ལྡན་ཕོ་བྲང་ཡིག་ཚང་ནས། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༥ ལ།།
མ་ཡིག་ངོ་མ་དབྱིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ། །